ཞི་ཅིན་ཕིང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བར་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


  སྤྱི་ཟླ་11པའི་ཚེས་15ཉིན། རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་ཀྱི་མཐོ་རིམ་གྲོས་ཚོགས་ཐེངས་བཅུ་བ་ཏུར་ཁེ་ཨན་ཐ་ལི་ཡ་ནས་འཚོགས། རྒྱ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་བྱང་ལ་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་སྐྲུན་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད།ཅེས་པའི་གཏམ་བཤད་སྤེལ། ཁོང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པས་སྤྱི་སྣང་དཔལ་འབྱོར་སྲིད་ཇུས་ཐད་ཀྱི་བརྗེ་རེས་དང་སྙོམས་སྒྲིག་ལ་ཤུགས་སྣོན་བྱ་དགོས། བཅོས་བསྒྱུར་གསར་གཏོད་དང་སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན། དེ་མིན་2030ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་ལག་བསྟར་བྱ་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འོས་འགན་ནི་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱུས་སུ་གཏང་རྒྱུ་དེ་རེད། རྒྱལ་ཁབ་ཉི་ཤུ་ཚོགས་པས་མིག་སྔར་ཀྱི་དཔལ་འབྱོར་གཏན་འཇགས་སྒོས་འཕེལ་རྒྱས་སུ་གཏང་དགོས་པར་མ་ཟད། འབྱུང་འགྱུར་གྱི་འཕེལ་རྒྱས་སྟོབས་ཤུགས་མཐོར་འདེགས་སུ་གཏང་དགོས། སྔོན་ཆད་ཀྱི་གྲུབ་འབྲས་ལག་བསྟར་བྱ་དགོས་པར་མ་ཟད། ཐུན་མོང་གི་ངོས་འཛིན་གཅིག་བསྡུའང་བྱ་དགོས། རྒྱལ་ནང་གི་བྱེད་ཐབས་སྤྱད་དེ་རང་ཉིད་ཀྱི་དོན་དག་ལེགས་པོར་བསྒྲུབ་དགོས་པར་མ་ཟད། སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་མཉམ་དུ་འགྲན་རྩོད་ལ་གདོང་གཏད་དགོས་ཞེས་ནན་གྱིས་བསྟན།

  ཚོགས་འདུའི་སྟེང་ཞི་ཅིན་ཕིང་གིས་གཤམ་གསལ་གྱི་བསམ་འཆར་བཞི་བཏོན། དང་པོ་སྤྱི་སྣང་དཔལ་འབྱོར་སྲིད་ཇུས་ཀྱི་འབྲེལ་འདྲེས་དང་སྙོམས་སྒྲིག་ལ་ཤུགས་སྣོན་བྱས་ཏེ་སྲིད་ཇུས་དང་ལག་ལེན་གཅིག་མཐུན་ཡོང་བ་བྱ་དགོས། གཉིས་པ། བཅོས་བསྒྱུར་གསར་གཏོད་ལ་སྐུལ་འདེད་གཏང་སྟེ་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་གོང་འཕེལ་དུ་གཏང་དགོས། གསུམ་པ། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་སྒྲིག་འཛུགས་བྱས་ཏེ་རྒྱལ་སྤྱིའི་བཟོ་ཚོང་དང་དངུལ་འཇོག་ལ་སྐུལ་འདེད་གཏང་དགོས། བཞི་བ། 2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལག་བསྟར་བྱས་ཏེ་དྲང་བདེན་དཀྱེལ་ཡངས་ཀྱི་འཕེལ་རྒྱས་ལ་སྟོབས་ཤུགས་གསར་པ་བསྣན་དགོས། 

  ཞི་ཅིན་ཕིང་གིས་ཀྲུང་གོར་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བའི་ནུས་པ་ཡོད་པར་ཡིད་ཆེས་ཡོད། འབྱུར་འགྱུར་གྱི་ལོའི་ལྔའི་ནང་ཀྲུང་གོས་གསར་གཏོད་དང་སྙོམས་སྒྲིག ལྗང་འགྱུར། སྒོ་འབྱེད། མཉམ་སྤྱོད་ཀྱི་འཕེལ་རྒྱུ་ལྟ་བ་ལྟར་གསར་གཏོད་ཀྱི་འཕེལ་རྒྱས་འཐབ་ཇུས་ལག་བསྟར་དང་བཟོ་ལས་ཀྱི་རྣམ་པ་གསར་བ་ཅན་དང་བརྡ་འཕྲིན་ཅན། གྲོང་རྡལ་ཅན། ཞིང་ལས་དེང་རབས་ཅན་མཉམ་མཐུན་སྒོས་འཕེལ་རྒྱས་སུ་འགྲོ་བ་ལག་བསྟར་བྱེད་པ་རྒྱུན་འཁྱོངས་དང་ཐཱན་ཉུང་ལྗང་འགྱུར་འཕེལ་རྒྱས་དང་ཁོར་ཡུག་ལེགས་བཅོས་བྱེད་པ་རྒྱུན་འཁྱོངས་བྱ་ངེས། དེ་མིན་འཛམ་གླིང་དཔལ་འབྱོར་ལ་ཟབ་ཞུགས་བྱས་ཏེ་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་ལག་བསྟར་དང་། ཕྱོགས་ཡོངས་ནས་དམངས་འཚོ་ལེགས་བཅས་དང་འགན་སྲུང་བྱེད་པ་རྒྱུན་འཁྱོངས་བྱས་ཏེ་འཕེལ་རྒྱས་ཀྱི་གྲུབ་འབྲས་དྲང་བདེན་སྒོས་མི་དམངས་ལ་མྱང་དུ་བཅུག་ངེས་དགོས་ཞེས་བསྟན།

  ཚོགས་འདུའི་སྟེང་ད་རུང་འཕེལ་རྒྱས་དང་གནམ་གཤིས་འགྱུར་ལྡོག འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་གནད་དོན་ལ་གྲོས་ཞིབ་གནང་།། 



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1