ཞི་ཅིན་ཕིང་གིས་ཏུར་ཁེ་ཡི་སྲིད་འཛིན་ཨེར་ཏོ་ཨན་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


       

  སྤྱི་ཟླ་11པའི་ཚེས་14ཉིན།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐུར་ཁེ་ཡི་ཨན་ཐ་ལི་ཡ་ནས་ཐུར་ཁེའི་སྲིད་འཛིན་ཨེར་ཏོ་ཨན་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཨན་ཐ་ལི་ཡའི་མཐོ་རིམ་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས། ཞི་ཅིན་ཕིང་གིས་ཀྲུང་གོས་ཐུར་ཁེ་ཕྱོགས་ཀྱིས་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཀྲུའུ་ཞི་རྒྱལ་ཁབ་ཀྱི་འགན་ཁུར་སྐབས་ལས་ཀ་སྣ་ཚོགས་བསྒྲུབས་པར་གདེང་འཇོག་གང་ལེགས་བྱེད་བཞིན་ཡོད།  ཀྲུང་གོས2016ལོའི་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་གཙོ་སྒྲུབ་གནང་རྒྱུ་ཡིན། ཏུར་ཁེའི་ཕྱོགས་ནས་རོགས་འདེགས་དང་མཉམ་འབྲེལ་བྱས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་བཅོས་སྐྱོང་ཁྱབ་ཁོངས་སུ་ནུས་པ་སྔར་ལས་ཆེན་པོ་འདོན་སྤེལ་བྱ་པར་སྐུལ་འདེད་དང་། འཛམ་གླིང་གི་དཔལ་འབྱོར་རྒྱུན་མཐུད་དང་དོ་མཉམ་སྒོས་འཕེལ་རྒྱས་སུ་གཏང་འདོད་ཅེས་བསྟན།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཏུར་ཁེ་གཉིས་ཀྱིས་འཐབ་ཇུས་འབྲེལ་བར་ཤུགས་སྣོན་དང་འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་དང་ཕྱོགས་གཉིས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་སྒྲིག་གཞིའི་ཁྲོད་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཏུར་ཁེ་དང་མཉམ་དུ་ཕྱོགས་གཉིས་ཀྱི་བཟོ་ཚོང་དང་དངུལ་འཇོག་ཁྲོད་རྒྱལ་ཁབ་ཀྱི་དངུལ་ལོར་སྤྱོད་པ་རྒྱ་བསྐྱེད་པའི་ཐད་ནས་བགྲོ་གླེང་བྱས་ཏེ་བཟོ་ཚོང་དང་དངུལ་འཇོག་སྟབས་བདེ་ཅན་དུ་འགྱུར་བར་གོང་འཕེལ་དུ་གཏང་འདོད་ཞེས་བསྟན། ཕྱོགས་གཉིས་ཀྱི་མི་ཆོས་བརྗེ་རེས་རྒྱ་བསྐྱེད་དང་ཀྲུང་གོ་དང་ཏུར་ཁེ་ཡི་དམངས་སེམས་རྨང་གཞི་ཇེ་བརྟན་དུ་གཏང་དགོས་པར་མ་ཟད། ཀྲུང་གོའི་ཕྱོགས་ནས་ཏུར་ཁེ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་དག་དང་ཕྱོགས་མང་སྡེ་ཁག་བར་གྱི་འབྲེལ་འདྲེས་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཏུར་ཁེ་རྒྱལ་ཁབ་གཉིས་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་འགན་སྲུང་བྱ་འདོད་ཅེས་བསྟན།

  ཨེར་ཏོ་ཨན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་ཏུར་ཁེ་ལ་ཕེབས་ཏེ་རྒྱལ་ཁབ་ཉི་ཤུ་ཚོགས་པའི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས། ཏུར་ཁེ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འབྲེལ་བ་དང་ཁྱབ་ཁོངས་སོ་སོའི་མཉམ་འབྲེལ་རྒྱུན་འཁྱོངས་བྱེད་པ་དེ་ཕན་ཚུན་གྱི་ངོས་འཛིན་ཇེ་ཟབ་ཏུ་འགྲོ་དང་ཐུན་མོང་གི་ངོས་འཛིན་བྱུང་བར་ཕན་པར་མ་ཟད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་ཕན་པ་ཆེན་པོ་ལྡན་པ་རེད། ཏུར་ཁེ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བར་མཐོང་ཆེན་བྱེད་བཞིན་ཡོད། ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་། མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་ཆབ་སྲིད་དང་དཔལ་འབྱོར། ནུས་ཁུངས། རིག་གནས། བདེ་འཇགས། གནས་སྐོར་བཅས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད། དེ་མིན་ཀྲུང་གོ་དང་མཉམ་དུ་འབད་པ་ཆེན་པོས་རྒྱལ་ཁབ་གཉིས་ཀྱི་བཟོ་ཚོང་ཆུ་ཚད་མཐོར་འདེགས་སུ་གཏང་འདོད། ཏུར་ཁེ་ཕྱོགས་ནས་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཁྲོད་ཞུགས་འདོད་པར་མ་ཟད། ཀྲུང་གོའི་ཁེ་ལས་ཀྱིས་ཐུར་ཁེའི་རྨང་གཞི་སྒྲིག་འགོད་ཀྱི་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མ་དངུལ་གཏང་བར་དགའ་བསུ་ཞུ་བཞིན་ཡོད། ཏུར་ཁེ་ཕྱོགས་ནས་ཏུར་ཁེ་རྒྱལ་ཁོངས་སུ་ཀྲུང་གོར་ངོ་རྒོལ་བྱེད་པ་དང་ཏུར་ཁེ་དང་ཀྲུང་གོའི་འབྲེལ་བར་གཏོར་བརླག་བྱེད་པའི་བྱེད་སྒོར་ངོ་རྒོལ་བྱ་ངེས་ཞེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1