ཞི་ཅིན་ཕིང་གིས་ཁེ་ན་ཏའི་ཙུང་ལི་ཐི་ལོའོ་ཏོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-17


  སྤྱི་ཟླ་11པའི་ཚེས་16ཉིན། ཞི་ཅིན་ཕིང་གིས་ཏུར་ཁེ་ཡི་ཨན་ཐ་ལི་ཡ་ནས་ཁེ་ན་ཏའི་ཙུང་ལི་ཐི་ལོའོ་ཏོ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ཁ་ན་ཏ་ཡིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་འགྲོ་བའི་ཐད་ནས་ནུབ་གླིང་རྒྱལ་ཁབ་ཀྱི་སྔོན་གྲས་སུ་ཚུད་འདུག རྣམ་པ་གསར་པའི་འོག་ཀྲུང་གོ་དང་ཁ་ན་ཏ་ཡིས་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་དབུ་ཁྲིད་བར་གྱི་བགྲོ་གླེང་ལ་ཤུགས་སྣོན་བྱ་དགོས། ཕན་ཚུན་བརྩི་འཇོག་དང་མཉམ་འབྲེལ་མཉམ་རྒྱལ་ཀྱི་རྨང་གཞིའི་སྟེང་དུས་ཡུན་རིང་བོར་གཏན་འཇགས་ཀྱི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏང་དགོས། འཕེལ་རྒྱས་མཐུད་སྦྲེལ་ལ་ཤུགས་སྣོན་དང་མཉམ་འབྲེལ་ཁྱབ་ཁོངས་རྒྱ་སྐྱེད་དགོས་པར་མ་ཟད། རིག་གནས་དང་སློབ་གསོ། ཡུལ་སྐོར་སོགས་མཉམ་འབྲེལ་ལའང་ཤུགས་སྣོན་བྱ་དགོས། ཀྲུང་གོའི་ཕྱོགས་ནས་ཁ་ན་ཏ་དང་ལྷན་དུ་འདུ་ཤེས་གསར་གཏོད་དང་ལག་ལེན་དོན་འཁྱོལ། མཉམ་འབྲེལ་སྔོག་འདོན། དེ་མིན་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་གྱི་ཆུ་ཚད་མཐོར་འདེགས་དང་ཀྲུང་གོ་དང་ཁན་ཏའི་འཐབ་ཇུས་འབྲེལ་བ་འཕེལ་རྒྱས་སུ་གཏང་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལེགས་པའི་བདེ་སྐྱིད་བསྐྲུན་འདོད་པ་དང་། ཀྲུང་གོའི་ཕྱོགས་ནས་ཁ་ན་ཏ་དང་ལྷན་དུ་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་རྩ་འཛུགས་སོགས་མཉམ་འབྲེལ་སྡེ་ཁག་བར་གྱི་འབྲེལ་འདྲེས་དང་སྙོམས་སྒྲིག་ལ་ཤུགས་སྣོན་བྱས་ཏེ་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།།

  ཐི་ལོའོ་ཏོ་ཡིས་ཁ་ཏ་དང་ཀྲུང་གོའི་འབྲེལ་བ་བཙུགས་ནས་ལོ་འཁོར་45ལོན་པའི་སྐབས་འདིར་ཁ་ན་ཏ་ཡིས་ཕྱོགས་ཡོངས་ནས་ཀྲུང་གོའི་མཛའ་འབྲེལ་གཏིང་ཟབ་ཏུ་སྤེལ་འདོད། ཕྱོགས་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་ལ་གོང་འཕེལ་དང་བཟོ་ཚོང་། ཞིང་ལས། གྲོང་རྡལ་ཅན། མི་ཆོས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཁ་ན་ཏ་དང་ཀྲུང་གོའི་འབྲེལ་བ་མཉམ་འབྲེལ་མཉམ་རྒྱལ་གྱི་རྨང་གཞིའི་སྟེང་སྔར་ལས་ལེགས་པའི་སྒོས་པའི་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏང་དགོས། ཁ་ན་ཏའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཁ་ན་ཏའི་རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ལ་དངུལ་འཇོག་བྱ་པར་དགའ་བསུ་ཞུ་བཞིན་ཡོད། དེ་མིན་ཀྲུང་གོ་དང་མཉམ་དུ་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་རང་བཞིན་གྱི་གནད་དོན་གྱི་ཐད་ལ་བརྗེ་རེས་དང་སྙོམས་སྒྲིག་བྱ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1