བྷེལ་ཇམ་ཐལ་སྤྱོད་པ་ཧྥ་རན་སིའི་ཕེ་རིས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་གྱི་ཇུས་འདོན་པ་ཡིན་ཤོས་ཆེ་སྟེ་ཉེས་གསོག་དོགས་ཅན་གཙོ་བོ་སྔོན་ཆད་བཙོན་གྲོལ་བྱས་མྱངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


       སྤྱི་ཟླ་11པའི་ཚེས་17ཉིན་གྱི་གློག་འཕྲིན། རྒྱལ་ཕྱིའི་འཕྲིན་སྦྱོར་ལས་གནས་ཚུལ་བསྒྲགས་པ་ལྟར་ན། ཕེ་རིས་སུ་འཇིགས་སྐུལ་འཇབ་རྒོལ་བྱེད་པའི་ཐལ་སྤྱོད་པར་གཞི་རྒྱ་ཆེན་པོའི་སྒོས་འཛིན་བཟུང་བྱ་སྤྱོད་བྱེད་པའི་ཁྲོད་དུ། ཧྥ་རན་སིའི་ཉེན་རྟོག་པས་ལྟ་ཚུལ་ལ་དོན་རྐྱེན་གྱི་ཇུས་འགོད་པ་ནི་བྷེལ་ཇམ་རྒྱལ་ཁབ་ཀྱི་ཐལ་སྤྱོད་པ་ཨ་པཱ་ཝུ་དུ་ཡིན་པའི་དོགས་པ་ཆེན་པོ་ཡོད་དེ། ཁོ་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཞེས་པའི་(IS)ཚོ་ཆུང་གི་འགོ་འཛིན་པ་ཡིན། 

       བྷལ་ཇམ་རྒྱལ་ཁབ་ཀྱི་RTLརླུང་འཕྲིན་ལས་ཁུངས་ཀྱིས་བསྟན་པ་ལྟར་ན། ལོ་27ཡིན་པའི་མོ་རོ་ཁོ་མི་ཨ་པཱ་ཝུ་དུ་སྔོན་ཆད་བྷལ་ཇམ་གྱི་རྒྱལ་ས་པུ་ལུ་སེར་གྲོང་ཁྱེར་གྱི་མའོ་ལུན་པི་ཁེ་ཁུལ་དུ་གནས་སྡོད་བྱས་ཡོད། དེ་བཞིན་ཕེ་རིས་ལ་འཇིགས་སྐུལ་འཇབ་རྒོལ་བྱས་པའི་དོན་རྐྱེན་མི་སྣ་ཁག་ཀྱང་གནས་དེ་གར་བསྡད་ཡོད། 

      ཧྥ་རན་སི་ཉེན་རྟོག་པས་པུ་ལུ་སེར་དུ་སྐྱེས་པའི་ལོ་26ཅན་གྱི་ས་ར་ཧུ་དེ་འཇབ་རྒོལ་དོན་རྐྱེན་གྱི་ཉེས་གསོག་དོགས་ཅན་གཙོ་བོ་རུ་ངོས་འཛིན་བྱས། ཁྱབ་བསྒྲགས་ལྟར་ན་ས་ར་ཧུས་འཇིགས་སྐུལ་འཇབ་རྒོལ་བྱས་རྗེས་ཉེན་རྟོག་པས་བཀག་བཟུང་བྱས་ཀྱང་རྗེས་ནས་སླར་ཡང་གློད་གྲོལ་བཏང་།

 ཧྥ་རན་སིས་ཁྱབ་བསྒྲགས་བྱས་པའི་ས་ར་ཧུའི་འཛིན་བཟུང་བཀའ་རྒྱ་དང་ཡིག་ཚགས་འདྲ་པར་ལ་སྤྱི་བསྒྲགས་དང་སྦྲགས་ཏེ་ས་ར་ཧུ་ཉེན་ཁ་ཆེ་བའི་མི་སྣ་ཡིན་པས་མང་ཚོགས་ལ་གང་འདོད་ཀྱིས་བཅར་གཏུག་བྱ་མི་རུང་བའི་འབོད་སྐུལ་བཏང་། ཉེན་རྟོག་པའི་ཡིག་ཚགས་མང་པོ་ཞིག་གི་ཁྲོད་དུ་ཨ་པཱ་ཝུ་དུ་དང་ས་ར་ཧུ་གཉིས་ཐེངས་མང་པོ་ཞིག་ལ་མཉམ་དུ་བཀོད་ཡོད། 

 པུ་ལུ་སེར་གྱིས་ད་ལོའི་ཟླ་1པོའི་ནང་དུ་རྒྱལ་ཁབ་དེ་གའི་ཤར་རྒྱུད་ཀྱི་ཝེ་ཨེར་ཝེ་ཡེད་གྲོང་ཁྱེར་ISཚོ་ཆུང་ལ་འཕྲལ་རྒོལ་བྱས་ཤིང་། སྐབས་དེར་ཕྱོགས་གཉིས་ཀས་མེ་མདའི་འཐབ་འཁྲུག་ཛ་དྲག་ཆེན་པོའི་ཁྲོད་དུ་ཨ་པཱ་ཝུ་དུ་བྲོས་བྱོལ་བྱས། རྒྱུས་ལོན་བྱུང་བ་ལྟར་ན་མིག་སྔར་ཁོ་སི་རི་ཡའི་མངའ་ཁོངས་སུ་ཡོད་འདུག

 ད་ལོའི་ཟླ་7པར་ཨ་པཱ་ཝུ་དུ་ལ་ཞུགས་ཆད་འདྲི་གཅོད་ཐེབས་ཏེ་ལོ་20ཡི་ལྟ་བཀག་བྱས་ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1