ཕེ་རིས་ཀྱི་མུ་འབྲེལ་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་རྗེས་མང་ཚོགས་ཀྱིས་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


       ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་14ཉིན། ཨུ་རུ་སི་མང་ཚོགས་ཀྱིས་ཨུ་རུ་སིའི་ཧྥ་རན་སི་གཞུང་ཚབ་ཁང་གི་སྒོ་མདུན་དུ་བསྟར་རིང་བསྒྲིགས་ཏེ་ཧྥ་རན་སིའི་ཕེ་རིས་འཇིག་སྐུལ་དོན་རྐྱེན་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུས། ཚེས་13ཉིན་གྱི་དགོང་མོ་ཧྥ་རན་སིའི་རྒྱལ་ས་ཕེ་རིས་ལ་འཇིགས་སྐུལ་འཇབ་རྒོལ་གྱི་དོན་རྐྱེན་དུ་མ་བྱུང་ཞིང་ཤི་སྐྱོན་ཚབ་ཆེན་ཐེབས། འཇིགས་སྐུལ་འཇབ་རྒོལ་བྱུང་བའི་རྗེས། ཧྥ་རན་སིའི་སྲིད་འཛིན་གྱིས་ཧྥ་རན་སི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡོངས་ཛ་དྲག་ཆེ་བའི་གནས་སུ་འཁོད་པར་ཁྱབ་བསྒྲགས་བྱས་པ་དང་མཐའ་མཚམས་སྒོ་བརྒྱབ་ཏེ་ཕེ་རིས་ས་ཁུལ་ལ་དམག་མི་1500མངགས་སྣོན་བྱས་ཡོད།

 

སྤྱི་ཟླ་11པའི་ཚེས་15ཉིན་གྱི་དགོང་མོར། ཧྥ་རན་སིའི་མང་ཚོགས་ཀྱིས་རང་འགུལ་གྱིས་ཕེ་རིས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐང་ཆེན་དུ་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུ་བཞིན་པ། 

ཆེ་ཁུའི་ཕ་རག་ཏུ་བྱིས་པ་གཉིས་ཀྱིས་མཆོད་མེའི་མདུན་ནས་སྨོན་ལམ་གསོལ་འདེབས་བྱེད་དེ་ཕེ་རིས་ཀྱི་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་མྱ་ངན་ཞུ་བཞིན་པ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1