དབྱིན་ལེས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱས་ནས་སྟོབས་ཤུགས་ཆེར་སྐྱེད་ཀྱིས་བོད་ཁུལ་འཆམ་མཐུན་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


   ཉེ་ཆར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་ལེ་རྔ་བ་ཁུལ་རྔ་བ་རྫོང་དུ་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་། ཀྲུང་དབྱང་གི་བོད་ལྗོངས་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་ཚོགས་འདུའི་དགོངས་དོན་སོགས་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྒྲོག་འགྲེལ་རྟོག་ཞིབ་གནང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་བ་དང་། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་བྱ་རྒྱུ་དང་ནུས་ཤུགས་ཡོད་རྒུས་གཙོ་གནད་འགག་སྒྲོལ་བྱས་ནས། བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ཀྱིས་བོད་ཁུལ་འཆམ་མཐུན་བརྟན་བརླིང་དང་ཡུན་རིང་བདེ་འགོད་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་ནན་གསུང་གནང་།  
    རྔ་བ་ཁུལ་གྱི་ལས་བྱེད་པའི་ཚོགས་ཆེན་ཐོག་ཏུ། དབྱིན་ལེ་ཡིས་ཀྲུང་དབྱང་དང་ཞིང་ཨུའི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པར་སྒྲོག་འགྲེལ་བྱས། ཁོང་གིས་བསྟན་དོན། ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་རྒྱུ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། རྔ་བ་ཁུལ་གྱིས་ཞིབ་ཚགས་ངང་སྒྲོག་འགྲེལ་བྱེད་སྒོ་རྩ་འཛུགས་བྱ་དགོས་པ་དང་། 2020ལོར་སླེབས་སྐབས་སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་བའི་དམིགས་འབེན་བརྟན་པོ་འཛུགས་དགོས་པར་མ་ཟད། གསར་གཏོད་དང་། མཐུན་འགྲིག   མཉམ་སྤྱོད་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱ་དགོས། 
    བར་སྐབས་དེར། དབྱིན་ལེ་རྨེའུ་རུ་མ་ཡུལ་ཤོག་གི་འབྲོག་པའི་ཁྱིམ་དུ་འཚམས་འདྲིར་ཕེབས་པ་དང་། གྲོང་སྡེའི་ལས་བྱེད་པ་དང་མང་ཚོགས་ཀྱི་འཐུས་མི་བཅས་དང་བཞུགས་མོལ་བྱས། ཚང་མས་ཐུན་མོང་ཐོག་བརྟན་བརླིང་གི་ཁོར་ཡུག་ལ་སྲུང་སྐྱོབ་དང་། ཕྱུག་འགྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་གཏང་བར་སྐུལ་མ་གནང་།  ཁོང་གིས་ཀིརྟི་དགོན་པར་གྲྭ་བཙུན་གྱི་འཐུས་མི་དང་བརྗེ་རེས་བྱེད་སྐབས་ནན་གསུང་གནང་རྒྱུར། དགོན་སྡེའི་གྲྭ་བཙུན་གྱིས་ངེས་པར་དུ་ཁྲིམས་སྐྱོང་གི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཁྲིམས་སྐྱོང་འདུ་ཤེས་འཛིན་ཤུགས་ཆེ་རུ་གཏང་དགོས། རང་རྟོགས་ཀྱིས་སྒྲིག་བཀུར་སྡོམ་སྲུང་བྱེད་པ་དང་། མཐུན་སྒྲིལ་སྲུང་སྐྱོང་དང་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་ལ་སྣེ་ཁྲིད་བྱས་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་ཡོང་བ་ལ་བྱས་རྗེས་འབུལ་དགོས་ཞེས་ནན་གསུང་གནང་། 
    ཞིང་དཔོན་གཞོན་པ། སྤྱི་བདེ་ཐིང་གི་ཐིང་ཀྲང་ཏིན་ཡོང་། དྲག་ཆས་ཉེན་རྟོག་སི་ཁྲོན་ཞིང་ཆེན་སྤྱི་ཁྱབ་རུ་ཁག་གི་དམག་སྤྱི་ཐང་ཏ་ཝེ། དེ་བཞིན་ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་པ་བཅས་མཉམ་དུ་རྟོག་ཞིབ་དང་སྒྲོག་འགྲེལ་བྱེད་སྒོར་ཞུགས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1