ཞི་ཁྲང་ནས་བདེ་ཆེན་བར་གྱི་མྱུར་བགྲོད་གཞུང་ལམ་མི་འགྱངས་བར་ལས་འགོ་འཛུགས་རྒྱུ་རེད།

སྒྲོན་མ་ཚེ་བརྟན་གྱིས་བསྒྱུར། རྩོམ་སྒྲིག་པ།སྒྲོན་མ་ཚེ་བརྟན།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-18


      སྤྱི་ཟླ་11པའི་ཚེས་17ཉིན།  སི་ཁྲོན་ཞིང་ཆེན་ཁོར་སྲུང་ཐིང་གིས་ཞི་ཁྲང་ནས་བདེ་ཆེན་བར་གྱི་མྱུར་བགྲོད་གཞུང་ལམ་ཁོར་ཡུག་ཤུགས་རྐྱེན་གྱི་རེ་ཞུ་ཡི་གེར་བཀའ་ལན་ཐག་གཅོད་གནང་།  
      ཡིག་ཆ་ལས་ཤེས་གསལ། སི་ཁྲོན་གྱིས་མི་འགྱངས་བར་ཞི་ཁྲང་ནས་བདེ་ཆེན་བར་ཏུ་མྱུར་བགྲོད་གཞུང་ལམ་ལས་འགོ་འཛུགས་པ་དང་།  ལས་གཞིའི་ཁྱོན་བསྡོམས་གྱི་རིང་ཚད་ལ་སྤྱི་ལེ་176.62དང་། ཕྱོགས་གཅིག་ནས་རླངས་འཁོར་གཉིས་རྒྱུགས་ཐུབ་པའི་མྱུར་བགྲོད་གཞུང་ལམ་གྱི་ཚད་ཐིག་ལྟར་ཇུས་འགོད་བྱས། རླངས་འཁོར་གྱི་མགྱོགས་ཚད་ནི་དུས་ཚོད་1ལ་སྤྱི་ལེ་80རྒྱུགས་ཐུབ་པའི་ཇུས་འགོད་བྱས་ཡོད། 
      འཆར་གཞི་ལྟར་ན་ལས་གཞི་འདི་ནི་ད་ལོའི་ལོ་འཇུག་ཏུ་ལས་འགོ་རྩོམ་རྒྱུ་དང་2020ལོར་རླངས་འཁོར་ཤར་གཏོང་ཐུབ་པ་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1