ཞི་ཅིན་ཕིང་གིས་ཧིན་ངྷུ་ཉི་ཞི་ཡའི་སྲིད་འཛིན་ཙོའོ་ཁི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


  སྤྱི་ཟླ་11པའི་ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཏུར་ཁེ་ཨན་ཐ་ལི་ཡ་ནས་ཧིན་ངྷུ་ཉི་ཞི་ཡའི་སྲིད་འཛིན་ཙོའོ་ཁི་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་ད་ལོ་ནི་ཀྲུང་གོ་དང་ཧིན་ཉི་གཉིས་ཀྱིས་འབྲེལ་བ་བཙུགས་ནས་ལོ་འཁོར་65ལོན་པའི་ལོ་རེད། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་མཐུད་སྦྲེལ་དང་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་པའི་ཐད་ནས་གཡུར་དུ་ཟ་བའི་འབྲས་བུ་ཐོབ། ཀྲུང་གོའི་ཕྱོགས་ནས་མུ་མཐུད་དུ་ཧིན་ཉི་ཡི་བཟོ་ཚོང་མཉམ་འབྲེལ་ཆུ་ཚད་མཐོར་འདེགས་དང་རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཀྱི་ལས་གཞི་གལ་ཆེན་དག་གི་མཉམ་འབྲེལ་ལ་ཤུགས་སྣོན་དང་། ཕྱོགས་གཉིས་ཀྱི་དངུལ་ལོ་བརྗེ་བཀོལ་ཁྱབ་ཁོངས་རྒྱ་བསྐྱེད་བཅས་དང་། ཀྲུང་གོའི་ཕྱོགས་ནས་ཧིན་ཉི་ནགས་ཚལ་མེ་སྐྱོན་ཤོར་བའི་རྗེས་ཀྱི་བསྐྱར་སྐྲུན་དང་དམངས་འཚོ་དང་འབྲེལ་བའི་ལས་གཞིའི་ཐད་ལ་རྒྱབ་སྐྱོར་བྱ་འདོད་ཅེས་བསྟན།

  ཙོའོ་ཁི་ཡིས་ཧིན་ཉིའི་ཕྱོགས་ནས་ཧིན་ཉི་དང་ཀྲུང་གོའི་ཕྱོགས་ཡོངས་མཉམ་ལས་འབྲེལ་བར་ཚད་མཐོ་བའི་གདེང་འཇོག་བྱེད་བཞིན་ཡོད། ཀྲུང་གོའི་ཕྱོགས་ནས་རོགས་འདེགས་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཀྲུང་གོ་དང་མཉམ་དུ་འབད་པ་ཆེན་པོས་ལྕགས་ལམ་དང་ནུས་ཁོངས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་པར་མ་ཟད། ཧིན་ཉིའི་ཕྱོགས་ནས་ཀྲུང་གོས་སང་ལོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་འགོ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་འཚོག་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1