ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་སྙན་སྒྲོན་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-18


   ཉེ་ཆར། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་གྱི་སྙན་སྒྲོན་ཚོགས་འདུ་དེ་ཁྲེན་ཏུའུ་རུ་འཚོགས། ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་པུའུ་ཀྲང་དབྱང་ཁྲོན་ཐང་གིས་སྙན་ཞུའི་གཏམ་བཤད་སྤེལ།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་སྙན་ཞུའི་ཚོགས་འདུར་གཙོ་སྐྱོང་གནང་།

   དབྱང་ཁྲོན་ཐང་གིས་སྙན་སྒྲོན་གནང་སྐབས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་ནི་ཁྱོན་ཡོངས་བཞིའི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏང་བ་དང་། འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་རིམ་དུ་འཚོགས་པའི་ཚོགས་འདུ་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་དུས་བབ་གསར་བའི་འོག་ཏུ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཡག་པོ་བཟོ་རྒྱུའི་གལ་ཆེའི་དོན་སྙིང་ལ་འགྲེལ་བཤད་གཏིང་ཟབ་གནང་ཡོད་ལ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་མཐའ་འཁྱོལ་ཡོང་བའི་བླང་བྱ་ཁ་གསལ་བཏོན་ཡོད། 

   ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམ་བྱུང་བའི《ཀྲུང་གུང་ཀྲུང་དབྱང་གི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་གཏན་འབེབས་བྱེད་པའི་སྐོར་གྱི་བསམ་འཆར།》ནང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དུས་སྐབས་ནང་གི་རང་རྒྱལ་འཕེལ་རྒྱས་ཀྱི་མཛུབ་ཁྲིད་བསམ་བློ་དང་། གཞི་རྩའི་རྩ་དོན། དམིགས་འབེན་བླང་བྱ། གཞི་རྩའི་ལྟ་བ་དང་བྱ་ཐབས་གལ་ཆེན་དག་གཏན་འབེབ་བྱས་པ་དང་། འབྱུང་འགྱུར་ལོ་ལྔའི་རིང་གི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ཞིབ་བརྗོད་བྱས་ཡོད། དེ་ནི་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལས་ལོ་བརྒྱ་དང་པོའི་དམིགས་འབེན་མངོན་འགྱུར་ཡོང་བ་དང་། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།

   ཝང་ཏུང་མིང་གིས་སྙན་ཞུའི་ཚོགས་འདུ་གཙོ་སྐྱོང་གནང་སྐབས་གསུང་དོན།   བློ་མཐུན་དབྱང་ཁྲོན་ཐང་གིས་ང་ཚོར་དགོངས་དོན་ཟབ་ལ་བརྗོད་ཚིག་བརླིང་བའི་སྙན་སྒྲོན་གཏམ་བཤད་ཐེངས་ཤིག་གནང་སོང་། དེར་གཞུང་ལུགས་ཀྱི་ཟབ་ཚད་ལྡན་པར་མ་ཟད་ལག་ལེན་གྱི་བློ་བསྐྱེད་ཟབ་མོ་འདུག་པས། ང་ཚོས་ཕྱོགས་ཡོངས་ནས་སྐབས་བཅོ་བརྒྱད་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐར་ཕྱིན་ཡོང་བར་ཟུར་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད། ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་མཐར་ཕྱིན་བྱེད་པ་ནི་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་རེད། ང་ཚོས་ཀྲུང་དབྱང་གི་གཅིག་གྱུར་བླང་བྱ་ལྟར་ས་ཁུལ་ཁག་དང་འཐབ་ཕྱོགས་སོ་སོའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་སྒྲོག་འགྲེལ་གྱི་ལས་ཀ་ཞིབ་ནན་ངང་སྤེལ་བ་དང་།  སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་གཅིག་གྱུར་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་འཕེལ་རྒྱས་ཀྱི་འདུ་ཤེས་ཆེན་པོ་ལྔས་སྣེ་ཁྲིད་བྱས་ཤིང་། རྒྱ་ཁྱབ་ངང་ཕྱོགས་གང་ཐད་ཀྱི་བསམ་འཆར་ལ་ཉན་པ་དང་ལྷག་པར་དུ་ཆེད་རམས་པ་དང་ཞིབ་འཇུག་པ། གཞི་རིམ་གྱི་ལས་བྱེད་མང་ཚོགས་ཀྱི་བསམ་འཆར་ལ་ཉན་ནས། ཞིང་ཆེན་ཡོངས་དང་གྲོང་ཁྱེར་རམ་རྫོང་ཁག་གི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་སྒྲིག་ཡག་པོ་བྱེད་དགོས་པ་དང་། བསྒྱུར་བཅོས་དང་འཕེལ་རྒྱས། བརྟན་བརླིང་གི་བྱ་གཞག་ཁག་འཆར་འགོད་ཡག་པོ་བྱ་དགོས། རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པའི་མིག་དཔེའི་ནུས་པ་འདོན་སྤེལ་བྱས་ཤིང་སློབ་སྦྱོང་ལ་སྣེ་ཁྲིད། གོ་ཤེས་ལ་སྣེ་ཁྲིད་དང་བཀོལ་སྤྱོད་ལ་སྣེ་ཁྲིད་བྱས་ཏེ་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱེད་པ།  ལས་ཀར་སྐུལ་འདེད་གཏང་ཐུབ་པ་བཅས་བྱ་དགོས།
   སྙན་ཞུའི་ཚོགས་འདུ་ནི་བརྙན་འཕྲིན་ཁ་པར་ཚོགས་འདུའི་རྣམ་པས་འཚོགས་ཤིང་། ཚོགས་ར་གཙོ་བོ་ཁྲེང་ཏུའུ་རུ་བཙུགས་པ་དང་། དེ་མིན་ཡན་ལག་ཚོགས་ར་གྲོང་ཁྱེར་(ཁུལ)དང་། རྫོང་(གྲོང་ཁྱེར་དང་ཆུས)ནས་བཙུགས་ཡོད།  ཞིང་ཆེན་ཡོངས་སུ་ཚོགས་བཞུགས་མི་གྲངས་ཁྲི་3.8ཡོད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1