སང་ལོ་ནས་བཟུང་སི་ཁྲོན་གྱི་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་བྱ་ཡུལ་ལ་འཚོ་བའི་ཁ་གསབ་དངུལ་སྤྲད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


     2016ལོ་ནས་བཟུང་། རང་རེའི་ཞིང་ཆེན་གྱིས་དབང་པོ་སྐྱོན་ཅན་གྱི་དབུལ་སྐྱོར་བྱ་ཡུལ་ལ་འཚོ་བའི་ཁ་གསབ་དངུལ་སྤྲད་རྒྱུ་རེད། ཡོང་འབབ་དང་རྒྱལ་ཁབ་གྱིས་གཏན་འཁེལ་བྱས་པའིི་དབུལ་ཕོངས་ཚད་གཞིའི་ཚད་འབོར་ཞིབ་བཤེར་གཏན་འབེབས་བྱས་པའི་རྨང་གཞིའི་ཐོག དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་ཆད་གྲངས་ལ་གསབ་དངུལ་སྤྲད་རྒྱུ་རེད། སྤྱི་ཟླ་11པའི་ཚེས་17ཉིན་གསར་འགོད་པས་ཞིང་ཆེན་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱུང་བ་ལྟར་ན།  མིག་སྔར།  ས་གནས་ཁག་གི་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དབུལ་སྐྱོར་དང་ཡུལ་མི་གནས་སྤོ་སྡེ་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་གནད་ལ་འཁེལ་བའི་ངང་ནས་དབང་པོ་སྐྱོན་ཅན་དབུལ་སྐྱོར་བྱ་ཡུལ་གྱི་གནས་ཚུལ་གསལ་པོ་རྒྱུས་ལོན་བྱེད་པ་དང་དེ་བས་གནད་ལ་འཁེལ་བའི་སྒོ་ནས་ལོ་རེའི་ཡོང་འབབ་ལ་ཞིབ་བཤེར་བྱེད་བཞིན་ཡོད།
      དེ་ལས་གཞན། རང་རེའི་ཞིང་ཆེན་གྱིས་སང་ལོ་ནས་བཟུང་དབུལ་ཕོངས་ཁྱིམ་ཚང་གི་ལོ་0ནས་6བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་ལ་མྱུར་སྐྱོབ་རང་བཞིན་གྱི་ནད་གསོ་རོགས་སྐྱོབ་བྱེད་ཤུགས་ཇེ་ཆེར་གཏང་བ་དང་། ནོར་སྲིད་གཏོང་སྒོ་མ་དངུལ་དེ་དབུལ་པོའི་ས་ཁུལ་ལ་ཕྱོགས་རྒྱུ་ཡིན། སྔོན་དཔག་བྱས་ན་ལོ་རེར་དབུལ་པོ་སྐྱོན་ཅན་གྱི་ཁྱིམ་ཚང་གི་ལོ་0ནས་6བར་གྱི་དབང་པོ་སྐྱོན་ཅན་གྱི་བྱིས་པ་མི་གྲངས་1000ལ་གཤགས་བཅོས་བྱ་རྒྱུ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1