ལི་ཁེ་ཆང་གིས་རྒྱ་གར་གྱི་ནང་སྲིད་པུའུ་ཀྲང་ཞིན་ཀི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-20


  སྤྱི་ཟླ་11པིའ་ཚེས་19ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ཚེས་19ཉིན་གྱི་ཕྱི་དྲོར་ཀྲུང་ནན་ཧེ་ནས་རྒྱ་གར་གྱི་ནང་སྲིད་པུའུ་ཀྲང་ཞིན་ཀི་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་རྒྱ་གར་ནི་འཛམ་གླིང་སྟེང་གི་ཆེས་ཆེ་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་རེད། རྒྱལ་ཁབ་གཉིས་ཁྱིམ་མཚེས་སུ་གནས་ཤིང་། མཐོ་རིམ་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། ཀྲུང་གོ་དང་རྒྱ་གར་གཉིས་ཀྱིས་ཆབ་སྲིད་ཡིད་ཆེས་གཏིང་ཟབ་ཏུ་སྤེལ་བ་དང་མཛའ་འབྲེལ་མཉམ་ཕན་གྱི་མཉམ་འབྲེལ་རྒྱ་སྐྱེད། མཐའ་མཚམས་ས་ཁུལ་གྱི་གཏན་འཇགས་ལ་འགན་སྲུང་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་མི་གྲངས་སྟོང་ཕྱུར་25ཡི་ཁེ་ཕན་དང་མཐུན་པར་མ་ཟད། ས་ཁུལ་དང་འཛམ་གླིང་འཕེལ་རྒྱས་ལའང་ཕན་ཞེས་བསྟན།

  ལི་ཁེ་ཆང་གིས་དེང་སྐབས་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སྲོལ་རྒྱུན་དང་སྲོལ་རྒྱུན་མ་ཡིན་པའི་བདེ་འཇགས་ལ་གདོང་གཏོད་པའི་དུས་སྐབས་ཤིག་ལ་འཁེལ་འདུག རྒྱལ་སྤྱི་དང་ས་ཁུལ་གྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་ཉིན་རེ་བཞིན་ཛ་དྲག་ཏུ་འགྱུར་བཞིན་འདུག ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོ་དང་རྒྱ་གར་གཉིས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འཇིགས་སྐུལ་དང་རྒྱལ་ཁོངས་ལས་བརྒལ་པའི་ཁྲིམས་འགལ་པའི་ངོ་རྒོལ་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་དང་རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་གཏན་འཇགས་ལ་འགན་སྲུང་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོའི་ལེགས་བཅོས་ལ་ཆ་རྐྱེན་ལེགས་པོ་བསྐྲུན་དགོས་པར་མ་ཟད། མཉམ་དུ་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་གཏན་འཇགས་ལ་སྐུལ་འདེད་གཏང་དགོས་ཞེས་བསྟན།

  ཞིན་ཀི་ཡིས་རྒྱ་གར་དང་ཀྲུང་གོ་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་རེད། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་ཕན་ནུས་གལ་ཆེན་འདོན་བཞིན་འདུག ཉེ་བའི་ལོ་འདི་ཤས་རིང་ལ། ཕྱོགས་གཉིས་ཀྱི་འབྲེལ་བའི་ཐད་ནས་གཡུར་དུ་ཟ་བའི་འབྲས་བུ་བླངས། རྒྱ་གར་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འཇིགས་སྐུལ་དང་རྒྱལ་ཁོངས་ལས་བརྒལ་པའི་ཁྲིམས་འགལ་ལ་ངོ་རྒོལ་བྱེད་པ་སོགས་བདེ་འཇགས་ཁྲིམས་བསྟར་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་དང་སྣ་མང་རིམ་པའི་སྙོམས་སྒྲིག་བབ་བསྟུན་གཏིང་ཟབ་ཏུ་སྤེལ་པ། བགྲོ་གླེང་དང་འོས་མཐུན་སྒོས་འགལ་བ་ཐག་གཅོད་བྱེད་པ་བརྒྱུད་མཐའ་མཚམས་ས་ཁུལ་གྱི་ཞི་བདེ་དང་གཏན་འཇགས་ལ་འགན་སྲུང་བྱ་དགོས། དེ་མིན་ཕྱོགས་གཉིས་ཀྱི་འབད་པའི་འོག་རྒྱ་གར་དང་ཀྲུང་གོས་ལོ་རྒྱུས་ཀྱི་ལེའུ་གསར་པ་ཞིག་བསྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1