ཀྲུང་གུང་ཀྲུང་དབྱང་གིས་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ཏེ་ལོ་100འཁོར་བའི་དྲན་གསོའི་བཞུགས་མོལ་གྲོས་ཚོགས་བསྡུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-21


     སྤྱི་ཟླ་11པའི་ཚེས་20ཉིན། ཀྲུང་གུང་ཀྲུང་དབྱང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་བློ་མཐུན་ཧུའུ་ཡའོ་པང་

སྐུ་འཁྲུངས་ཏེ་ལོ་100འཁོར་བའི་དྲན་གསོའི་བཞུགས་མོལ་གྲོས་ཚོགས་བསྡུས། 

      ཞི་ཅིན་ཕིང་དང་ལི་ཁེ་ཆིང་། ཀྲང་ཏེ་ཅང་། ཡུས་ཀྲེན་ཧྲེང་། ལིའུ་ཡུན་ཧྲན། ཧང་ཆི་ཧྲན། ཀྲང་ཀའོ་ལི་སོགས་གྲོས་ཚོགས་སུ་ཞུགས། 

        

       ཀྲུང་གུང་ཀྲུང་དབྱང་གིས་ཚེས་20ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་བཞུགས་མོལ་གྲོས་ཚོགས་བསྡུས་ཏེ་བློ་མཐུན་ཧུའུ་ཡའོ་པང་སྐུ་འཁྲུངས་ཏེ་ལོ་100འཁོར་བའི་དྲན་གསོ་ཞུས། 

       ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ནན་གྱིས་བསྟན་དོན། རླབས་ཆེན་གྱི་གྲུབ་འབྲས་མཐའ་དག་ནི་བར་ཆད་མེད་པར་འབད་བརྩོན་དང་གཅིག་རྗེས་གཅིག་མཐུད་ཀྱི་འཚོལ་ཞིབ་བྱས་པའི་གྲུབ་འབྲས་ཡིན་ཞིང་། རླབས་ཆེན་གྱི་བྱ་གཞག་མཐའ་དག་ལ་སྔ་མཐུད་ཕྱི་འདྲེན། སྔར་སོང་རྒྱུན་འཛིན་དང་མ་འོངས་གསར་གཏོད་ཁྲོད་སྐུལ་མ་བྱེད་དགོས། ང་ཚོས་ཧུར་ཐག་གིས་མཐུན་སྒྲིལ་གཅིག་སེམས་དང་བློ་རྩེ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱེད་ནས་དུས་རབས་ལ་ངོ་གནོང་མི་དགོས་ཤིང་མི་དམངས་ལ་ངོ་གནོང་མི་དགོས་པ། མེས་པོ་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་སྐྲུན་དགོས་ཏེ། འདི་ནི་ང་ཚོས་སྔོན་བྱོན་གསར་བརྗེ་པར་ཕུལ་བའི་ལེགས་སྐྱེས་ཡག་ཤོས་དེའོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1