ལི་ཁེ་ཆང་ཁལ་ལུང་ཕུ་རུ་འབྱོར་ཏེ་ཨེ་ཤ་ཡ་ཤར་མའི་མཉམ་ལས་ཀྱི་འགོ་ཁྲིད་པའི་མུ་འབྲེལ་གྲོས་ཚོགས་སུ་ཞུགས་ཤིང་མ་ལེ་ཞི་ཡ་རུ་རྒྱལ་དོན་མཚམས་འདྲི་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-21


ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་20ཉིན་གྱི་དགོང་མོར། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་

མོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་གདན་ཞུས་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་ཆེད་གཏོང་གནམ་གྲུར་

བསྡད་ལ་སྐུ་ལྕམ་ཁྲེན་ཧུང་གི་ཕེབས་རོགས་འོག་ཁལ་ལུང་ཕུའི་བྱེ་པང་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར།

     མ་ལེ་ཞི་ཡའི་འགྲུམ་འགྲིལ་པུའུ་ཀྲང་ལིའོ་ཀྲུང་ལའེ་སོགས་སྲིད་གཞུང་གི་མཐོ་རིམ་དཔོན་པོས་གནམ་གྲུ་ཐང་དུ་ཕེབས་བསུ་ཞུས། 


  ས་གནས་དེ་གའི་དུས་ཚོད་སྤྱི་ཟླ་11པའི་ཚེས་20ཉིན་གྱི་དགོང་མོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་སྐུ་ལྕམ་ཁྲེན་ཧུང་གཉིས་ལྷན་ཏུ་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རེས་མོས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱིས་གདན་ཞུས་ལྟར་ཆེད་གཏོང་གནམ་གྲུར་བསྡད་དེ་ཁལ་ལུང་ཕུའི་བྱེ་པང་རྒྱལ་སྤྱིའི་གནམ་གྲུ་འབབ་ཐང་དུ་འབྱོར་ཏེ། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་(10+1)གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་དང་ཁོ་རི་ཡ་ལྷོ་མ་དང་འཇར་ཕན་(10+3)གྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅོ་བརྒྱད་པ། སྐབས་བཅུ་པའི་ཨེ་ཤ་ཡ་ཤར་མའི་མཐོ་རིམ་གྲོས་ཚོགས་སུ་ཞུགས་རྒྱུ་ཡིན་ཞིང་མ་ལེ་ཞི་ཡར་རྒྱལ་དོན་མཚམས་འདྲི་ཞུ་རྒྱུ་རེད།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་བར་ལས་དབང་གཅིག་སྦྲེལ་དང་ཁེ་ཕན་མཉམ་འདྲེས། བརྩེ་དུང་མཉམ་བརྟེན་བྱས་ཡོད། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དངོས་སུ་ཐུན་མོང་རྩ་འཛུགས་བྱས་ན་ས་ཁོངས་གཞི་གཅིག་ཅན་གྱི་བརྒྱུད་རིམ་ཁྲོད་རྡོ་རིང་ལྟ་བུའི་དོན་སྙིང་གལ་ཆེན་ལྡན། ངས་ཚོགས་ཞུགས་རྒྱལ་ཁབ་སོ་སོའི་འགོ་ཁྲིད་པ་དང་མཉམ་དུ་འཕེལ་རྒྱས་ཇུས་གཞི་ཆེན་མོར་ཞིབ་གྲོས་བྱེད་ནས། མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གོང་བུར་སྒྲིལ་ཏེ་ས་ཁུལ་ཞི་བདེ་བརྟན་བརླིང་དང་གོང་འཕེལ་འབྱོར་ཕྱུག་གི་རྣམ་པ་བཟང་པོ། འཛམ་གླིང་དཔལ་འབྱོར་བརྟན་བརླིང་སྒོས་འཕར་ཏུ་འཇུག་པར་རེ་བ་ཆེན་པོ་བཅིངས་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1