2015ལོའི་རྔ་བའི་ཁོར་ཡུག་སྲུང་སྐྱོང་དུས་རབས་ཀྱི་སྐྱོད་པ་ཞེས་པའི་བྱེད་སྒོ་སྤྱི་ཟླ་11པའི་ཚེས་19ཉིན་སྤེལ་འགོ་ཚུགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-21


    སྤྱི་ཟླ་11པའི་ཚེས་19ཉིན། 2015ལོའི་རྔ་བའི་ཁོར་ཡུག་སྲུང་སྐྱོང་དུས་རབས་ཀྱི་སྐྱོད་པ་ཞེས་པའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས། ད་ཐེངས་ཀྱི་ཁོར་ཡུག་སྲུང་སྐྱོང་དུས་རབས་ཀྱི་སྐྱོད་པ་ཞེས་པའི་བྱ་འགུལ་གྱིས་ལྗང་མདོག་གི་ཁྱིམ་གཞིས་སྲུང་ནས། གནམ་སྔོན་པོ་ནམ་ཡང་གནས་པར་བྱེད་པ་ཞེས་པ་བརྗོད་བྱ་གཙོ་བོར་བྱེས་ཏེ། རྔ་བ་ཁུལ་གྱི་རྫོང་ཁག་སོ་སོར་བསྐྱོད་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲག་བྱེད་པ་དང་། ས་གནས་ཀྱི་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་སྐྱེ་ཁམས་ཀྱི་རྔ་བ་འཛུགས་སྐྲུན་བྱེད་པ་དང་། འཐུང་ཆུའི་བདེ་འཇགས་འགན་སྲུང་། གད་སྙིགས་དང་བཙོག་ཆུ་གཙང་སེལ། གློག་ཁང་བསྐྲུན་རྗེས་ཀྱི་སྐྱེ་ཁམས་སླར་གསོ་དང་བཅོས་སྐྱོང་ལས་གཞི་བཅས་ལ་སྤྱད་པའི་བྱ་ཐབས་དང་ཐོབ་པའི་གྲུབ་འབྲས་ལ་རྒྱུས་ལོན་བྱས།
    ད་ཐེངས་ཀྱི་བྱེད་སྒོས་གསར་འགྱུར་འཕྲིན་སྦྱོར་གྱི་དྲིལ་བསྒྲགས་དང་ལྟ་སྐུལ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཁོར་ཡུག་སྲུང་སྐྱོབ་དང་རང་ཉིད་གྱི་ཁྱིམ་གཞིས་སྲུང་སྐྱོབ་ཀྱི་འདུ་ཤེས་སྔར་བས་མཐོ་རུ་བཏང་ནས། སྤྱི་ཚོགས་ལས་རིགས་ཁག་ལ་ཁྲིད་སྟོན་བྱས་ནས་ཧུར་ཐག་སྒོས་ཐོན་ཁུངས་སྲུང་སྐྱོབ་དང་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་འོས་འགན་དང་འགན་འཁྲི་དང་ལེན་བྱས་ཤིང་། རང་ཁུལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱ་གཞག་དེ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་ཤུགས་སྣོན་བྱས།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1