དར་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 11-24


    གོང་རིམ་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གསར་གཏོད་བྱེད་སྒོར་གཅིག་གྱུར་གྱིས་བཀོད་སྒྲིག་ལྟར་དུ། དར་མདོ་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གིས་རང་ཉིད་ཀྱི་ཞིབ་དཔྱོད་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱས། མི་ཤུགས་དང་དངོས་ཤུགས་གཅིག་བསྡུས་བྱས་ནས་ཞིབ་ཚགས་ཀྱིས་སྒྲིག་བཀོད་བྱས་པ་དང་སྤྱི་ཟླ་11པའི་ཚེས་19ཉིན་དར་མདོ་མཛའ་གཞས་ཐང་ཆེན་དུ་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་ཉིན་མོ་ཞེས་པའི་བྱེད་སྒོ་སྤེལ། དར་མདོ་གྲོང་ཁྱེར་ཞིབ་དཔྱོད་ཁང་གིས་ཞིབ་དཔྱོད་ལས་ཀའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་མཛའ་གཞས་ཐང་ཆེན་ཐོག་འཕྲེད་འགེལ་ཡི་གེ་དང་བྱང་ཡིག་སྦྱར་པ་དང་དྲིལ་བསྒྲགས་ཡིག་ཆ་ཁྱབ་སྤེལ་བྱེད་པ། ཡུལ་དངོས་བློ་འདྲི་སོགས་ཀྱི་ཐབས་ཤེས་སྤྱད་དེ་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་བྱས་ཤིང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྔར་བས་གཏིང་ཟབ་དུ་སྤེལ།
    ད་ཐེངས་ཀྱི་མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་སྤེལ་བར་བརྒྱུད། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་གཞི་རྩའི་བཅའ་ཁྲིམས་དང་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས། དེ་བཞིན་ཞིབ་དཔྱོད་ལས་ཁུངས་ཀྱི་ལས་དོན་གྱི་ངོ་བོ་དང་ཁྱད་ཆོས་ལ་ངོས་འཛིན་སྔར་ལས་ལྷག་པ་ཡོད་པར་གྱུར། དྲིལ་བསྒྲགས་བྱེད་སྒོ་སྤེལ་བར་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ་ཡོད་ཅིང་། དྲིལ་བསྒྲགས་བྱེད་སྒོར་བརྟེན་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་བཅའ་ཁྲིམས་འདུ་ཤེས་སྔར་ལས་ལྷག་པར་སྐུལ་འདེད་ཐེབས་ཡོད་པ་དང་མི་རིགས་ཁག་གི་མཐུན་སྒྲིལ་འཆམ་མཐུན་ལ་སྐུལ་འདེད་བཏང་བར་མ་ཟདབརྟན་ལྷིང་འཆམ་མཐུན་དང་མཛེས་སྡུག་ལྡན་པའི་དར་མདོ་འཛུགས་སྐྲུན་བྱེད་པར་ཞིབ་དཔྱོད་ཀྱི་སྟོབས་ཤུགས་ཕུལ་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1