ལི་ཁེ་ཆང་གིས་ནིའུ་ཟེ་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-23


  སྤྱི་ཟླ་11ཚེས་21ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ལི་ཁེ་ཆང་གིས་ཁལ་ལུང་ཕུ་ནས་ནིའུ་ཟེ་ལན་གྱི་ཙུང་ལི་ཡོ་ཧན་ཅི་དང་མཇལ་འཕྲད་གནང་། 

   ལི་ཁེ་ཆང་གིས་ཀྲུང་གོ་དང་ནིའུ་ཟེ་ལན་ནི་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་རྒྱུན་ཆད་མེད་པར་སྲ་བརྟན་དང་དངོས་དོན་འབྲེལ་བ་ཉིན་རེ་བཞིན་རྒྱ་སྐྱེད་དེ་ཀྲུང་གོ་དང་ནིའུ་ཟེ་ལན་གྱི་བཟོ་ཚོང་གྲོས་ཆོད་ལ་ཕན་འབྲས་ཆེན་པོ་ཐོབ་པ་རེད། ཀྲུང་གོའི་ཕྱོགས་ནས་ནིའུ་ཟེ་ལན་དང་བགྲོ་གླེང་དང་བརྗེ་རེས། མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྟོབས་ཤུགས་གསར་པ་བསྣན་འདོད་ཅེས་བསྟན།

    ལི་ཁེ་ཆང་གིས་ཀྲུང་གོ་དང་ནིའུ་ཟེ་ལན་གཉིས་ཀྱི་དཔལ་འབྱོར་ཕན་ཚུན་གསབ་སྐོང་དང་མཉམ་འབྲེལ་གྱི་འཕེལ་རྒྱས་ལ་མདུན་ལྗོངས་ཆེན་པོ་ལྡན། ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་གོ་སྐབས་དམ་འཛིན་བྱས་ཏེ་སྲིད་ཇུས་བརྗེ་རེས་དང་སྙོམས་སྒྲིག་ལ་ཤུགས་སྣོན་དང་ཚོང་ཟོང་གྲོས་ཆོད་ཀྱི་འཕེལ་རིམ་ལ་འཚོལ་ཞིབ་བྱ་བའི་རེ་བ་ཡོད། ཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་དག་ནིའུ་ཟི་ལན་གྱི་འགྲིམ་འགྲུལ་དང་གནོད་ཁུལ་བསྐྱར་བསྐྲུན་གྱི་ལས་གཞི་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་ལ་ཞུགས་པར་རྒྱབ་སྐྱོར་བྱ་ངེས། དེ་མིན་ཀྲུང་གོའི་ཕྱོགས་ནས་ནིའུ་ཟི་ལན་དང་མི་ཆོས། དམག་དོན་བརྗེ་རེས་དང་ཁྲིམས་སྐྱོང་མཉམ་འབྲེལ་ཐད་ལ་ཤུགས་སྣོན། རྒྱལ་སྤྱི་དང་ས་ཁུལ་གྱི་སྣ་མང་སྡེ་ཁག་བར་གྱི་སྙོམས་སྒྲིག་དང་བརྗེ་རེས་ལ་སྐུལ་འདེད་གཏང་སྟེ་མཉམ་འབྲེལ་གྱི་ཁྱབ་ཁོངས་གསར་པ་གསར་འབྱེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།

  ཡོ་ཧན་ཅི་ཡིས་ཟིའུ་ཟེ་ལན་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། བཟོ་ཚོང་དངུལ་འཇོག་གི་མཉམ་འབྲེལ་ཁྱབ་ཁོངས་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཞིན་འདུག ནིའུ་ཟེ་ལན་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་བཟོ་ཚོང་གྲོས་ཆོད་ཀྱི་འཕེལ་རིམ་ལ་བགྲོ་གླེང་དང་ཕྱོགས་གཉིས་ཀྱི་བཟོ་ཚོང་མཐོར་འདེགས། སློབ་གསོ། ཡུལ་སྐོར། མཁའ་སྤྱོད་སོགས་ཀྱི་མཉམ་འབྲེལ་ཁྱབ་ཁོངས་རྒྱ་སྐྱེད་འདོད། དེ་མིན་གནམ་གཤིས་འགྱུར་ལྡོག་སོགས་རྒྱལ་སྤྱིའི་གནད་དོན་གལ་ཆེན་དག་གི་བརྗེ་རེས་དང་སྙོམས་སྒྲིག་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1