འབར་མའི་གཏེར་ཁོངས་ཞིག་ལ་ས་ཉིལ་དོན་རྐྱེན་བྱུང་སྟེ་མི་104རྐྱེན་ལམ་དུ་ཤོར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-24


  སྤྱི་ཟླ་11པའི་ཚེས་23ཉིན། སང་གྷ་ཕོར་གྱི་མཉམ་འབྲེལ་ཞོགས་པའི་ཚགས་པར་ལས་འབར་མའི་བྱང་ཕྱོགས་ཀྱི་གཡུའི་གཏེར་ཁོངས་ཤིག་ས་གནས་དེ་གའི་དུས་ཚོད་ཚེས་21ཉིན་གྱི་ཞོགས་པར་རི་ཉིལ་དོན་རྐྱེན་བྱུང་། ད་ལྟར་བར་མི་104དོན་རྐྱེན་ཁྲོད་རྐྱེན་ལམ་དུ་ཤོར་པ་དང་མི་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར།

  གསར་ལམ་ཁག་ནས་བསྒྲགས་པའི་གསར་འགྱུར་ལྟར་ན། འདི་ནི་ཉེ་བའི་ལོ་འདི་ཤས་རིང་གི་ཆེས་ཚབས་ཆེ་བའི་གཡུའི་གཏེར་རི་ཉིལ་དོན་ཆེན་ཞིག་ཡིན་པ་རེད། དོན་རྐྱེན་བྱུང་རྗེས་ཉེན་རྟོག་མི་སྣ་དང་རྒྱ་གྲམ་དམར་པོའི་ཚོགས་པ། ས་གནས་རྩ་འཛུགས་སོགས་ཡུལ་དངོས་སུ་འབྱོར་ཏེ་མྱུར་སྐྱོབ་བྱས། ཡིན་ནའང་གནམ་གཤིས་མི་བཟང་པས་མྱུར་སྐྱོབ་ལས་ཀར་བར་ཆད་ཆེན་པོ་བཟོས། 

   རི་ཉིལ་དོན་རྐྱེན་བྱུང་སའི་འགྲིམ་འགྲུལ་དང་ཆ་འཕྲིན་སྟབས་བདེ་མིན་པའི་རྐྱེན་གྱིས་དོན་རྐྱེན་བྱུང་སའི་ཡུལ་དངོས་ཀྱི་གནས་ཚུལ་དང་རི་ཉིལ་དོན་རྐྱེན་གྱི་བྱུང་རྐྱེན་སོགས་ལ་ད་སྐབས་རྒྱུས་ལོན་གསལ་པོ་བྱ་མི་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1