ཝང་ཏུང་མིང་ཕན་ཀྲི་ཧྭ་གྲོང་ཁྱེར་དང་ལའང་ཧྲན་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25
ཕན་ནུབ་ནི་རང་རྒྱལ་གྱི་འཐབ་ཇུས་ཐོན་ཁུངས་གསར་གཏོད་གསར་འབྱེད་བྱེད་སའི་ཚོད་ལྟ་ཁུལ་ཡིན། ན་ནིང་གི་ཟླ་6་པར་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཕན་ནུབ་དཔལ་འབྱོར་ཁུལ་དུ་རྟོག་ཞིབ་གནང་སྐབས་ཁ་གསལ་བཏོན་རྒྱུར་རྒྱལ་ཡོངས་ཀྱི་གལ་ཆེའི་འཐབ་ཇུས་ཐོན་ཁུངས་གསར་སྤེལ་རྟེན་གཞི་མགྱོགས་པར་སྐྲུན་དགོས་པ་དང་། མཆོང་བརྒལ་གཉིས་འདེགས་སྐྱོར་བྱེད་པའི་གལ་ཆེའི་འཕར་སྣེ་མགྱོགས་པོར་སྐྲུན་དགོས་པའི་བླང་བྱ་བཏོན། ད་ལོའི་སྤྱི་ཟླ་5པར། ཝང་ཏུང་མིང་གིས་ཡང་བསྐྱར་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ཞིང་ཞིབ་འཇུག་བྱས་ནས་ཕན་ནུབ་དཔལ་འབྱོར་ཁུལ་གྱི་འཕེལ་རྒྱས་དེ་བས་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བཏང་། སྤྱི་ཟླ་11པའི་ཚེས་22ཉིན་ནས་23ཉིན་བར། ཝང་ཏུང་མིང་སླར་ཡང་ཕན་ཀྲི་ཧྭ་གྲོང་ཁྱེར་དང་ལའང་ཧྲན་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ནས་ཕྲ་ཞིང་ཞིབ་པའི་ངང་ནས་ཕན་ནུབ་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་དང་ཁྱོན་ཡོངས་ནས་གསར་གཏོད་སྒྱུར་བཅོས་དང་རྣམ་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་འབྲེལ་ཡོད་ལས་ཀར་རྒྱུས་ལོན་བྱས་ཤིང་།
ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་སྐབས་བཅུ་པའི་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་བཀོད་སྒྲིག་ཁག་དོན་འཁྱོལ་བྱ་བར་སྐུལ་འདེད་བཏང་།
བརྟག་དཔྱད་ཞིབ་འཇུག་ཁྲོད། ཝང་ཏུང་མིང་སྔ་རྗེས་སུ་ཕན་ཀྲི་ཧྭ་གྲོང་ཁྱེར་ནུབ་ཁུལ་དང་ཤར་ཁུལ། མེ་ཡེ་རྫོང་། ལའང་ཧྲན་ཁུལ་ཏེ་ཁྲིང་རྫོང་གི་གླིང་ཁུལ་དང་ཁེ་ལས། གྲོང་གསར། ཞིང་ཁྱིམ་བཅས་ལ་ཕེབས་ནས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་བཟོ་བ་དང་། འཐབ་ཇུས་ཐོན་ཁུངས་གསར་གཏོད་གསར་འབྱེད། ལྟེ་བའི་ལག་རྩལ་ཞིབ་འཇུག་དང་གསར་སྤེལ་འགག་སྒྲོལ། གནད་ཆེའི་རྣམ་གྲངས་འཆར་འགོད་འཛུགས་སྐྲུན། ཡུལ་སྐོར་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་འགན་སྲུང་། གནད་སྨིན་དབུལ་སྐྱོར་དང་གནད་འཁེལ་དབུལ་སྒྲོལ། བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་གྲོང་སྡེ་འཛུགས་སྐྲུན་དང་ཉེན་མེད་ཐོན་སྐྱེད། སྤྱི་ཚོགས་ཁྲིམས་ལྟར་བཅོས་སྐྱོང་སོགས་ཀྱི་ལས་ཀ་ལ་ཞིབ་བཤེར་མཛུབ་ཁྲིད་གནང་།
ཚེས་23ཉིན་གྱི་ཕྱི་དྲོར། ཝང་ཏུང་མིང་གིས་མེ་ཡེ་རྫོང་ནས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཕན་ཀྲེ་ཧྭའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་སྦྲགས་གསུང་བཤད་གནང་། ཕན་ཀྲེ་ཧྭའི་ཕྱོགས་གང་ཅིའི་ཐད་ཀྱི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1