སི་ཁྲོན་ཞིང་ཆེན་ཞིང་ལས་འགྲེམ་ཚོགས་སྟེང་མཛོ་དགེ་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམ་སྟོན་བྱས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-25


  སྐབས་གསུམ་པའི་སི་ཁྲོན་ཞིང་ལས་དངོས་མང་སྟོན་ཚོགས་དང་ཁྲིན་ཏུའུ་རྒྱལ་སྤྱིའི་གྲོང་ཁྱེར་དེང་རབས་ཞིང་ལས་དངོས་མང་སྟོན་ཚོགས་དེ་སྤྱི་ཟླ་11པའི་ཚེས་19ཉིན་ནས་23ཉིན་བར་དུ་ཁྲིན་ཏུའུ་ཚོགས་འགྲེམ་ལྟེ་གནས་གསར་པ་ནས་གཉེར་འགོ་ཚུགས། 
    མཛོ་དགེ་འགྲེམ་ཁང་གིས་ས་མཐའི་མཛོད་དགེ། རྨི་ལམ་ལྟ་བུའི་རྩྭ་ཐང་ཞེས་པ་གཙོ་སྣེར་བྱས་ཏེ་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སྣ་ཁ་92འགྲེམ་སྟོན་བྱས་ཤིང་། ཕྱོགས་ཟུར་མང་པོ་དང་ཁྱོན་ཡོངས་ནས་ས་མཐོའི་སྐྱེ་ཁམས་ཞིང་ལས་དང་དེང་རབས་རྩྭ་ཐང་འབྲོག་ལས། ཞིང་འབྲོག་ཐོན་ཟོག་ལས་སྣོན། སྐྱེ་ཁམས་ཡུལ་སྐོར། རིག་གནས་སོགས་ཀྱི་འཕེལ་རྒྱས་ཀྱི་ལེགས་ཆ་དང་ཁྱད་ཆོས། གྲུབ་འབྲས་སོགས་མངོན་ཡོད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1