ལི་ཁེ་ཆང་གིས་ཀྲུང་གོ་དང་མ་ལེ་ཞི་ཡའི་མཐོ་རིམ་གླེང་སྟེགས་སུ་བརྗོད་དོན་གཏམ་བཤད་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-25


                                                     སྤྱི་ཟླ་11པའི་ཚེས་23ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མ་ལེ་ཞི་ཡའི་རྒྱལ་ས་ཁལ་ལུང་ཕུ་རུ་ཀྲུང་གོ་དང་མ་ལེ་ཞི་ཡའི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་ཏེ་བརྗོད་དོན་གཏམ་བཤད་སྤེལ།

          རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་ས་གནས་དེ་གའི་དུས་ཚོད་ཟླ་11པའི་ཚེས་23ཉིན་གྱི་སྔ་དྲོར་ཁལ་ལུང་ཕུ་ནས་ཀྲུང་གོ་དང་མ་ལེ་ཞི་ཡའིི་དཔལ་འབྱོར་མཐོ་རིམ་གླེང་སྟེགས་སུ་ཞུགས་ཏེ་བརྗོད་གཞི་ལ་《ཀྲུང་གོ་དང་མ་ལེ་ཞི་ཡའི་མཉམ་ལས་ཀྱི་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ།》ཞེས་པའི་གཏམ་བཤད་སྤེལ། མ་ལེ་ཞི་ཡའི་ཙུང་ལི་གཞོན་པ་ཀྲ་ཞི་ཏེ་མཉམ་དུ་ཚོགས་འདུར་ཞུགས། 

     ལི་ཁེ་ཆང་གིས་བསྟན་དོན། ཀྲུང་གོ་མི་དམངས་ཀྱིས་ལོ་ངོ་སྟོང་ཕྲག་དུ་མའི་རིང་ཐོག་མཐའ་བར་གསུམ་དུ་ཞི་བདེ་དང་སྒོ་འབྱེད། བཟོད་སྒོམ་བརྩོན་ལེན་བྱེད་བཞིན་ཡོད། ཀྲུང་གོའི་མིང་རྒྱལ་རབས་ཀྱི་མཚོ་འགྲུལ་པ་ཀྲེན་ཧུ་ཡིས་སྐབས་དེའི་འཛམ་གླིང་སྟེང་ཆེས་སྔོན་ཐོན་གྱི་མཚོ་གྲུ་རུ་ཁག་ཁྲིད་དེ་ནུབ་རྒྱ་མཚོ་ཆེན་མོར་བསྐྱོད་ཅིང་མཱ་ལིའོ་ཅ་མཚོ་འགག་ལ་ཐེངས་ལྔར་སླེབས་མྱངས། ཁོས་འགན་འཁྲི་ནི་ཞི་བདེ་ལ་སྐུལ་འདེད་དང་མཛའ་ཟླའི་འབྲེལ་བ་དམ་ཟབ་གཏོང་བ་དེ་ཡིན་ཏེ་ཀྲུང་ཧྭ་མི་དམངས་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་དགྲ་སེམས་ཞུ་ན་མར། འཁོན་སེམས་བསགས་ན་རྡོ་ཞེས་པའི་འགྲིག་མཐུན་གྱི་སྙིང་བཅུད་དེ་གསལ་པོར་མཚོན་ཡོད། ང་ཚོས་སྔར་བཞིན་སྲོལ་རྒྱུན་བཟང་པོ་དེ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཁབ་སོ་སོའི་བར་དུ་ཞི་བདེ་མཉམ་གནས་དང་ཐུན་མོང་ཐོག་འཕེལ་རྒྱས་གཏོང་རྒྱུ་ཡིན། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1