རྔ་བ་ཁུལ་གྱིས་འབྲོག་ཁུལ་ལས་ཞུགས་སྐུལ་འདེད་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 11-26


  ཉེར་ཆར། རྔ་བ་ཁུལ་གྱིས་འབྲོག་ཁུལ་ལས་ཞུགས་སྐུལ་འདེད་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས། འབྲོག་ཁུལ་གྱི་ན་གཞོན་ལས་ཞུགས་ལས་ཀ་ལ་ཆེད་དོན་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་དང་། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་འབྲོག་ཁུལ་གྱི་མི་སྟོང་གི་ལས་ཞུགས་སྐུལ་འདེད་བྱེད་སྒོ་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས། 
     ཚོགས་འདུའི་སྟེང་བསྟན་དོན། ད་ལོའི་དགུན་དུས་དང་སང་ལོའི་དཔྱིད་དུས་ཀྱི་འབྲོག་ཁུལ་གྱི་མི་སྟོང་གི་ལས་ཞུགས་སྐུལ་འདེད་བྱེད་སྒོ་སྤེལ་བཔ་ནི་ཁ་ཚ་དགོས་གཏུགས་ཞིག་ཡིན་ལ། འབྲོག་ཁུལ་གྱི་ན་གཞོན་ཚོ་ལ་འཚམ་པའི་ལས་གནས་མཁོ་འདོན་བྱ་དགོས་པ་དང་། ནུས་ལྡན་གྱི་སྒོ་ནས་ལས་ཞུགས་འདུན་པ་ཡོད་མཁན་གྱི་འབྲོགལ་ཁུལ་ན་གཞོན་རྩ་འཛུགས་བྱས་ནས་གསོ་སྦྱོང་ལ་ཞུགས་སུ་འཇུག་པ། མི་དང་ལས་གནས་འཚམ་མཐུན་ཡོང་བར་སྐུལ་འདེད་ཤུགས་ཆེན་བཏང་ནས་ཁུལ་ཡོངས་ཀྱི་གནད་སྨིན་དབུལ་སྐྱོར་སྒྲིག་བཀོད་ལ་རོགས་རམ་བྱ་དགོས། 
     རྔ་བ་ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་། ནོར་སྲིད། མི་རིགས་ཆོས་ལུགས། རིག་གནས་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་གསར་འགྱུར་དཔེ་སྐྲུན་སོགས་སྡེ་ཚན་ཁག་གི་འགན་ཁུར་པ། འབྲོག་ཁུལ་རྫོང་གི་ཏང་ཨུ་དང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་པ། མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སོགས་སྡེ་ཚན་གྱི་འགན་འཁུར་པ་བཅས་ཚོགས་འདུར་ཞུགས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1