《བོད་ཀྱི་དམངས་ཁྲོད་ངག་རྒྱུན་རིག་གནས་དཔེ་ཚོགས།》ཀྱི་དེབ་ཕྲེང་དང་པོ་པར་བསྐྲུན་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


  བོད་ཀྱི་དམངས་ཁྲོད་ངག་རྒྱུན་རིག་གནས་དཔེ་ཚོགས་ཀྱི་དེབ་ཕྲེང་དང་པོར་བསྡོམས་པའི་དེབ་60ཡོད་ལ། དེབ་ཕྲེང་འདི་ནི་ལན་གྲུ་སློབ་ཆེན་གྱི་འབུམ་རམས་པའི་མཛུབ་སྟོན་དགེ་རྒན། བོད་ཀྱི་མིང་དུ་གྲགས་པའི་ཆེད་རམས་པ་འབྲུག་ཐར་གྱིས་གཙོ་སྒྲིག་མཛད་ཅིང་། གཙོ་བོ་དམངས་ཁྲོད་གཏམ་རྒྱུད་དང་དོན་བརྗོད་སྙན་ངག གླུ་ཤགས། གཏམ་དཔེ། གབ་ཚིག་གམ་ཁེད་སོགས་དམངས་ཁྲོད་ངག་རྒྱུན་རིག་གནས་ཀྱི་རྒྱུ་ཆ་ཁྲི་5འཚོལ་བསྡུ་བྱས་ཡོད།  

  དེབ་ཕྲེང་དག་རི་མོ་དང་ཡི་གེ བོད་ཡིག་དང་རྒྱ་ཡིག་སྦྲགས་མར་གྲུབ་པ་དང་ཕྱོགས་ཡོངས་ནས་ཉམས་རྒུད་དུ་འགྲོ་བཞིན་པའི་བོད་ཀྱི་དམངས་ཁྲོད་ངག་རྒྱུན་རིག་གནས་ཀྱི་རྣམ་པ་མཚོན་པའི་རྣམ་པ་རྒྱ་ཆེ་བའི་མི་རིག་གནས་ཀྱི་དཔེ་ཚོགས་ཤིག་རེད། 

  དཔེ་ཚོགས་ལས་དེབ་ཕྲེང་དང་པོར་དམངས་གླུ་དང་དམངས་ཁྲོད་གཏམ་རྒྱུད། བསྟོད་ཚིག གཏམ་དཔེ། གབ་ཚིག་གམ་ཁེད། ཡིད་འགྱུར་དང་དོན་བརྗོད་སྙན་ངག་བཅས་ནང་དོན་ལྔས་གྲུབ་ཡོད། །



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1