ལི་ཁེ་ཆང་གིས་ཨེ་སི་ཐོ་ཉི་ཡ་ཡི་ཙུང་ལི་ལོའོ་ཡེ་ཝ་སི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-26


  སྤྱི་ཟླ་11པའི་ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྐབས་བཞི་པའི་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་དབུ་ཁྲིད་པའི་གྲོས་ཚོགས་ལ་ཞུགས་པར་ཕེབས་པའི་ཨེ་སི་ཐོ་ཉི་ཡ་ཡི་ཙུང་ལི་ལོའོ་ཡེ་ཝ་སི་དང་མཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཨེ་སི་ཐོ་ཉི་ཡ་ནི་ཀྲུང་གོའི་པོའོ་ལོའོ་ཏི་མཚོ་ཁུལ་གྱི་ཆེས་གལ་ཆེ་བའི་མཉམ་ལས་མཛའ་འབྲེལ་རྒྱལ་ཁབ་ཡིན། ཀྲུང་གོའི་ཕྱོགས་ནས་ཨེ་སི་ཐོ་ཉི་ཡ་དང་ཕན་ཚུན་བརྩི་འཇོག་དང་དྲང་བདེན་གྱི་རྨང་གཞིའི་སྟེང་ཆབ་སྲིད་དང་བཟོ་ཚོང་། མི་ཆོས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་ཀྲུང་གོ་དང་ཨེ་སི་ཐོ་ཉི་ཡ་ཡི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་གཏད་གཏང་འདོད་ཅེས་བསྟན།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཨེ་སི་ཐོ་ཉི་ཡ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་གྱི་རྨང་གཞི་ཤིན་ཏུ་བཟང་ཞིང་མདུན་ལྗོངས་ལེགས་པོ་ལྡན། ཀྲུང་གོའི་ཕྱོགས་ནས་པོའོ་ལོའོ་ཏི་མཚོ་ཁུལ་གྱི་ལྕགས་ལམ་དང་མཚོ་ལམ་སོགས་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཨེ་སི་ཐོ་ཉི་ཡ་དང་མཉམ་འབྲེལ་བྱས་ཏེ་ཕན་ཚུན་ལ་སློབ་སྦྱོང་བྱེད་པ་ཤུགས་སྣོན་དང་མཉམ་སྦྲེལ་དྲ་བའི་ཐོན་ཁོངས་དང་ཕྱོགས་བསྡུས་སྟོབས་ཤུགས་ལ་ངོས་འཛིན་བཟང་པོ་དང་། དམངས་ཡོངས་ཀྱི་ལས་སྒོ་གསར་འབྱེད་དང་གསར་གཏོད་ལ་རོགས་འདེགས། ཀྲུང་གོ་དང་ཨེ་སི་ཐོ་ཉི་ཡ་ཡི་བཟོ་ཚོང་འབྲེལ་བ་འཕེལ་རིམ་གསར་པ་ཞིག་ཏུ་འཕེལ་བར་འབད་པ་བྱ་འདོད་ཅེས་བསྟན། 

  ལོའོ་ཡེ་ཝ་སི་ཡིས་ཨེ་སི་ཐོ་ཉི་ཡ་དང་ཀྲུང་གོའི་འབྲེལ་བ་བཟང་ཞིང་བཟོ་ཚོང་མཉམ་འབྲེལ་འཕེལ་རྒྱས་སུ་སོང་བ་ཤིན་ཏུ་ལེགས། ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བ་ནི་ཨེ་སི་ཐོ་ཉི་ཡ་ལ་མཚོན་ལ་གལ་ཤིན་ཏུ་ཆེ། ཨེ་སི་ཐོ་ཉི་ཡ་ཕྱོགས་ནས་ཀྲུང་གོས་དངུལ་རྩ་འཇོག་པར་དགའ་བསུ་བྱེད་པ་དང་ས་བབ་ཀྱི་ཁྱད་ཆོས་དམིགས་སུ་བཟུང་ཏེ་ཀྲུང་གོ་དང་ཡོ་རོབ་གཉིས་ཀྱི་མཉམ་སྦྲེལ་མཉམ་མཐུད་ཀྱི་བརྒྱུད་ལམ་གལ་ཆེན་ཞིག་ཏུ་གྱུར་བ་དང་ཕྱོགས་གཉིས་ཀྱི་བརྡ་འཕྲིན་ལག་རྩལ་དང་ཞིང་ཕྱུགས་ལས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལ་ཤུགས་སྣོན་བྱ་ངེས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1