ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ལོའོ་ཁང་གིས་སྤྱི་ཟླ་11པིའ་ཚེས་25ཉིན་བསྒྲགས་པ་ལྟར་ན། ཧྥ་རན་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཨོ་ལང་ཏི་དང་གནམ་གཤིས་འགྱུར་ལྡོག་ཕ་རི་སི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྥ་པེས་ཡུག་སི་གཉིས་ཀྱིས་གདན་ཞུས་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྤྱི་ཟླ་12པའི་ཚེས་29ནས་སྤྱི་ཟླ་11པའི་ཚེས་30ཉིན་བར་ཧྥ་རན་སི་རུ་འཚོག་རྒྱུ་ཡིན་པའི་གནམ་གཤིས་འགྱུར་ལྡོག་ཕ་རི་སི་ཚོགས་ཆེན་གྱི་འགོ་ཚུགས་པའི་བྱེད་སྒོར་ཞུགས་རྒྱུ་རེད།
ཟིམ་པབ་ཝེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་མོའུ་ཅ་པེ་ཡིས་གདན་འདྲེན་ཞུས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་12ཚེས་1ཉིན་ནས་ཚེས་2་ཉིན་བར་ཟིམ་པབ་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད།
ལྷོ་ཧྥིས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཙོའུ་མ་ཡིས་གདན་འདྲེན་ཞུས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་12པའི་ཚེས་2ཉིན་ནས་ཚེས་5ཉིན་བར་ལྷོ་ཧྥིས་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་ཡིན་པར་མ་ཟད། ཡོ་ཧན་ནེ་སི་པོར་ཕེབས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་གཙོ་སྐྱོང་གནང་རྒྱུ་རེད།།