ཞི་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 11-30


  སྤྱི་ཟླ་11པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་སྲིད་འཛིན་ཨོ་ལང་ཏི་ཟླ་འདིའི་ཟླ་འགོར་ཀྲུང་གོར་ཐེངས་གཉིས་པར་རྒྱལ་དོན་འཚམས་འདྲི་ཕེབས་ཏེ་མཉམ་དུ་ཀྲུང་གོ་དང་ཧྥ་རན་སི་ཡི་དབུ་ཁྲིད་ཀྱིས་གནམ་གཤིས་འགྱུར་ལྡོག་གི་མཉམ་འབྲེལ་བསྒྲགས་ཡིག་སྤེལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་སྔར་ལས་ལྷག་པར་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་ཐུན་མོང་གི་ངོས་འཛིན་གསར་པ་བྱུང་ལ། ཕྱོགས་གཉིས་ཀྱི་ཚད་མཐོ་བའི་ཆབ་སྲིད་བགྲོ་གླེང་རྒྱུན་འཁྱོངས་དང་གལ་ཆེའི་ལས་གཞི་དང་མཉམ་འབྲེལ་ཆོད་ཡིག་དམ་འཛིན་སྒོས་ལག་བསྟར་བྱས་ཏེ་མཉམ་འབྲེལ་གྱི་ཁྱད་ཆོས་གསར་པ་བསྐྲུན་དགོས། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་གི་མཉམ་འབྲེལ་ལ་སྐུལ་སློང་བྱས་ཏེ་བཟོ་ཚོང་དང་རིག་གནས། ཚན་རྩལ། སློབ་གསོ། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་རྣམ་པ་མི་འདྲ་བའི་བགྲོ་གླེང་བྱེད་སྒོ་སྤེལ་པ་དང་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་དམངས་སེམས་རྨང་གཞི་སྲ྄་བརྟན་དུ་གཏང་དགོས། ཀྲུང་གོས་2016ལོའི་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་པའི་མཐོ་རིམ་གྲོས་ཚོགས་འཚོག་རྒྱུ་ཡིན་ལ། ཀྲུང་གོའི་ཕྱོགས་ནས་ཧྥ་རན་སི་དང་ལྷན་དུ་གཏིང་ཟབ་འབྲེལ་རྒྱུན་འཁྱོངས་བྱས་ཏེ་མཐོ་རིམ་གྲོས་ཚོགས་རྒྱལ་ཁའི་ངང་འཚོག་པར་སྐུལ་འདེད་གཏང་འདོད། དེ་མིན་འཛམ་གླིང་དཔལ་འབྱོར་གྱི་གནད་དོན་གྱི་འཐབ་ཇུས་རང་བཞིན་གྱི་སྙོམས་སྒྲིག་དང་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད་ཅེས་བསྟན།

  ཨོ་ལང་ཏི་ཡིས་ངའི་ཟླ་འདིའི་ཟླ་སྟོད་ཀྱི་རྒྱལ་དོན་འཚམས་འདྲི་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཆེན་པོ་བླངས། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱི་ཐུན་མོང་གི་གལ་ཆེན་ངོས་འཛིན་ལག་ལེན་བྱས་ཏེ་དངུལ་འཇོག་དང་བཟོ་ཚོང་། ཉིང་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་སྐུལ་འདེད་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་འགྲོ་འོང་ལ་སྐུལ་སློང་བྱ་དགོས། ཧྥ་རན་སིའི་ཕྱོགས་ནས་ཀྲུང་གོས་སང་ལོར་རྒྱལ་ཁབ་ཉི་ཤུའི་ཚོགས་པའི་དབུ་ཁྲིད་ཀྱི་མཐོ་རིམ་གྲོས་ཚོགས་འཚོག་པར་རྒྱབ་སྐྱོར་བྱ་ངེས་ཡིན་ལ། དེ་མིན་ཀྲུང་གོ་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་ཆེན་པོ་དག་ལ་བབ་བསྟུན་སྙོམས་སྒྲིག་བྱ་དགོས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1