ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་འཚོགས་ནས་དར་མདོའི་ས་འགུལ་གྱི་གནོད་རྗེས་བསྐྱར་སྐྲུན་ལས་ཀའི་སྙན་ཞུ་སོགས་ལ་གསན་པ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-01


  

  སྤྱི་ཟླ་11པའི་ཚེས་25ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུའི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ་དར་མདོའི་11·22ཚད་རིམ་6.3གྱི་ས་འགུལ་གྱི་གནོད་རྗེས་བསྐྱར་སྐྲུན་གྱི་ལས་རིམ་གནས་ཚུལ་སྙན་ཞུ་ལ་གསན་པ་དང་། གོམ་སྟབས་རྗེས་མའི་ལས་ཀ་ལ་ཞིབ་འཇུག་དང་བཀོད་སྒྲིག་སོགས་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་།

  ཚོགས་འདུ་ལས་བསྟན་དོན། དར་མདོ་ལ་ས་འགུལ་བྱུང་ནས་ལོ་གཅིག་གི་རིང་ལ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ཞིང་ཆེན་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གིས་མཐུན་སྦྱོར་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་དང་། དཀར་མཛེས་ཁུལ་དང་འབྲེལ་ཡོད་གནོད་འཚེ་ཐེབས་པའི་རྫོང་ཁག་གི་ཏང་ཨུ་དང་སྲིད་གཞུང་གིས་ནན་ཏན་གྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཤིང་། གོ་རིམ་ལྡན་པའི་ངང་ནས་བསྐྱར་སྐྲུན་རྣམ་གྲངས་392སྐུལ་འདེད་བྱས་ལ་བསྐྱར་སྐྲུན་ལས་ཀ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།
  ཚོགས་འདུའི་སྟེང་ནན་གསུང་གནང་དོན། སང་ལོ་ནི་དར་མདོའི་ས་འགུལ་གྱི་གནོད་རྗེས་བསྐྱར་སྐྲུན་ལས་ཀའི་འགག་རྩའི་ལོ་ཞིག་ཡིན། གནོད་འཚེ་ཕོག་པའི་ཁུལ་དང་རྫོང་། ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ཚན་རིག་དང་མཐུན་པའི་ངང་བསྐྱར་སྐྲུན་རྣམ་གྲངས་ཀྱི་འཆར་འགོད་སྒྲིག་འཛུགས་དང་ལག་བསྟར་བྱེད་དགོས་ཤིང་། ཤུགས་སྣོན་པ་དང་དོན་འཁྱོལ་དམ་འཛིན་བྱས་ནས་གནོད་ཐེབས་རྗེས་ཀྱི་བདེ་སྐྱིད་མཛེས་སྡུག་འཆམ་མཐུན་གྱི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏང་དགོས།
ཚོགས་འདུའི་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1