ཉེ་ཆར། གསེར་རྟ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱི་དངོས་སྤྱོད་ལག་རྩལ་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་གསེར་ཁོག་གྲོང་རྡལ་ཡོ་རོག་ཡུལ་ཚོ་གཉིས་པ་ནས་སྤེལ། གསོ་སྦྱོང་ལྟེ་གནས་འདི་ནི་གསེར་རྟ་རྫོང་སྤྱི་ཕན་མི་རིགས་དམངས་ཁྲོད་ལག་ཤེས་བཟོ་རྩལ་སྤྱི་གཉེར་ཁང་གིས་མ་དངུལ་བཏང་ནས་བསྐྲུན་ཞིང་། ཐང་གདང་བཟོ་དྲུབས། གསེར་དངུལ་ལས་སྣོན་སོགས་ཀྱི་ཆེད་སྦྱོང་མང་པོ་བཙུགས་ཡོད། ཁྲིད་བྱའི་ནང་དོན་དག་སྤྱི་གཉེར་ཁང་དེ་གའི་ཆེད་ལས་དགེ་རྒན་གྱིས་སློབ་མར་ཡུལ་དངོས་ནས་སློབ་ཁྲིད་བྱ་རྒྱུ་རེད། མིག་སྔར། རྫོང་ཡོངས་ཀྱི་ཡུལ་ཤོག་དང་གྲོང་རྡལ་17གྱི་སློབ་མ་120གསོ་སྦྱོང་ལྟེ་གནས་སུ་སླེབས་ནས་ལག་རྩལ་གསོ་སྦྱོང་བྱེད་པའི་འགོ་བརྩམས།།