ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་དང་སི་ཁྲོན་སློབ་ཆེན་གསར་འགྱུར་སློབ་གླིང་གི་གླིང་དོན་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03



  སྤྱི་ཟླ་11 ཚེས་30 ཉིན། སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་དྲིལ་བསྒྲགས་པུའུ་དང་སི་ཁྲོན་སློབ་ཆེན་གསར་འགྱུར་སློབ་གླིང་གི་གླིང་དོན་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གཉིས་པ་སི་ཁྲོན་སློབ་ཆེན་དུ་འཚོགས།གྲོས་ཚོགས་ནས་ནན་བཤད་བྱས་དོན།
  ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ས་གནས་ཏང་ཨུད་དྲིལ་བསྒྲགས་པུའུ་དང་མཐོ་རིམ་སློབ་གྲྭའི་ཐུན་མོང་ཐོག་གསར་འགྱུར་སློབ་གླིང་གི་བཀོད་སྒྲིག་བྱས། པུའུ་དང་སློབ་གྲྭ་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་།ལས་རིགས་དང་སློབ་གསོའི་ལས་རིགས་ཁག་གིས་ལེགས་ཆ་འདོན་སྤེལ་བྱས། གསར་འགྱུར་སྒྲོག་སྤེལ་ཀྱི་རིག་ཚན་འཛུགས་སྐྲུན་དེ་དུས་བབ་གོང་འཕེལ་གཏོང་རྒྱུའི་དགོས་མཁོ་དང་བསྟུན་པ་ལ་སྐུལ་འདེད་གཏོང་དགོས། ལག་གདང་སྦྲེལ་ནས་བྱང་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་གསར་འགྱུར་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་དགོས། 
  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་དབྱིན་ལི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1