ཞི་ཅིན་ཕིང་ཧ་ར་རེ་ལ་ཐོན་ཏེ་ཟིམ་པབ་ཝེ་ལ་རྒྱལ་དོན་འཚམས་འདྲི་མཛད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-03


  སྤྱི་ཟླ་12པའི་ཚེས་1ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཟིམ་པབ་ཝེ་རྒྱལ་ཁབ་ཀྱི་རྒྱལ་ས་ཧ་ར་རེ་ལ་ཕེབས་ཏེ་ཟིམ་པབ་ཝེ་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་འགོ་ཚུགས།

  ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཟིམ་པབ་ཝེ་ནི་གྲོགས་པོ་བཟང་པོ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བཙུགས་ནས་ལོ་35ལོན་པའི་རིང་ལ། ཕྱོགས་གཉིས་ཀྱི་དུས་དང་རྣམ་པ་ཀུན་ཏུ་རང་སོ་སོའི་འཕེལ་རྒྱས་ཀྱི་གོ་རིམ་ཁྲོད་ཕན་ཚུན་ལ་རོགས་འདེགས་བྱས་ཤིང་ཆབ་སྲིད་དང་བཟོ་ཚོང་། མི་ཆོས་རིག་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ཕྱོགས་གཉིས་ཀ་དུས་དང་རྣམ་པ་ཀུན་ཏུ་ཀྲུང་གོ་དང་ཟིམ་པབ་ཝེ་གཉིས་ཀྱིས་ཕན་ཚུན་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག མཉམ་འབྲེལ་མཉམ་རྒྱལ། མཉམ་དུ་འཕེལ་རྒྱས་སུ་འགྲོ་བའི་གྲོགས་པོ་བཟང་པོར་གྱུར་བར་མོས་འཐད་ཡོད། ཀྲུང་གོའི་ཕྱོགས་ནས་སྲིད་འཛིན་མོའོ་ཅཱ་པེ་ཐེངས་འདིའི་ཧྥེའི་གླིང་གནའ་འབྲེལ་ཚོགས་པའི་རེས་མོས་ཀྲུའུ་ཞི་ཡིན་པའི་ཆ་ནས་ཧྥེའུ་གླིང་གི་མཐུན་སྒྲིལ་དང་ཕྱོགས་ཡོངས་ཁེ་ཕན། ཧྥེའུ་གླིང་གི་འཕེལ་རྒྱས་ལ་སྐུལ་འདེད་དང་མཉམ་འབྲེལ་སྒོས་འཕེལ་རྒྱས་སུ་འགྲོ་བར་ཕན་ནུས་གལ་ཆེན་བཏོན་པར་ཚད་མཐོ་བའི་གདེང་འཇོག་གནང་བཞིན་ཡོད། ཐེངས་འདིའི་འཚམས་འདྲི་བརྒྱུད་ངས་སྲིད་འཛིན་མོའོ་ཅཱ་པེ་དང་མཉམ་དུ་ཀྲུང་གོ་དང་ཟིམ་པབ་ཝེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དང་དེ་མིན་ཐུན་མོང་གི་ཐུགས་ཁུར་བྱེད་བཞིན་པའི་རྒྱལ་སྤྱི་དང་ས་གནས་ཀྱི་གནད་དོན་ཐད་ལ་གཏིང་ཟབ་པའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱ་འདོད་པར་མ་ཟད་ཀྲུང་གོ་དང་ཟིམ་པབ་ཝེ་གཉིས་ཀྱི་འབྱུང་འགྱུར་གྱི་འབྲེལ་བའི་འཕེལ་རྒྱས་ལ་འཆར་འགོད་བཟོ་བའི་རེ་བ་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1