རྔ་བ་ཁུལ་གྱི་རྫོང་སོ་སོས་ཨེ་ཛིའི་ནད་སྔོན་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བ་གསར་འགྱུར་དྲ་བ། སྤེལ་དུས། 12-03


  

བྱེད་སྒོའི་ཡུལ་དངོས། 

  སྤྱི་ཟླ་12པའི་ཚེས་2སྤེལ་བའི་གསར་འགྱུར། སྤྱི་ཟླ་12པའི་ཚེས་1ནི་སྐབས་28པའི་འཛམ་གླིང་ཨེ་ཛིའི་ནད་ཀྱི་ཉིན་མོ་ཡིན་ལ། རྔ་བ་ཁུལ་གྱིས་རྫོང་སོ་སོས་འབྲེལ་ཡོད་སྡེ་ཁག་རྩ་འཛུགས་བྱས་ཏེ་ཨེ་ཛིའི་ནད་སྔོན་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

བྱེད་སྒོའི་ཡུལ་དངོས། 

  མཛོད་དགེ་རྫོང་གིས་ཨེ་ཛིའི་ནད་སྔོན་འགོག་དང་འབྲེལ་བའི་ཤེས་བྱའི་ཡིག་ཆ་24000དང་སྲུང་ཤུབས་སྒམ་180། ཚོང་རྫས་ཁུག་མ་240དམངས་ཚོགས་ལ་འགྲེམ་སྤེལ་བྱས།

  ལི་རྫོང་གིས་ཨེ་ཛིའི་ནད་སྔོན་འགོག་དང་འབྲེལ་བའི་ཤེས་བྱའི་ཡིག་ཆ་700ལྷག་དང་སྲུང་ཤུབས་1000ལྷག། དེ་མིན་དམངས་ཚོགས་ཀྱི་ཨེ་ཛིའི་ནད་དང་འབྲེལ་བའི་དྲི་བ200ལྷག་ལ་ལན་བཏབ།

  ཝུན་ཁྲོན་རྫོང་གི་སློབ་ཆུང་དང་པོས། ཚེ་སྲོག་ལ་གཅེས་སྤྲས་དང་ཨེ་ཛི་ལ་སྔོན་འགོག་ཅེས་པ་བརྗོད་དོན་དུ་བཟུང་སྟེ་ལག་བྲིས་ཚགས་པར་གྱི་འགྲན་བསྡྭར་བྱེད་སྒོ་སྤེལ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1