སྤྱི་ཟླ་11པའི་ཚེས་30ཉིན། ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིང་ཐོན་དུ་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་འགན་འཛིན་པ་ལ་ཅ་ཏེས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་གསུང་བཤད་གནང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་(IMF)ཡི་ཏུང་སྲིད་ཡིས་སྤྱི་ཟླ་11པའི་ཚེས་30ཉིན་མི་དམངས་ཤོག་སྒོར་དམིགས་བསལ་གྱི་དངུལ་ལེན་དབང་(SDR)གི་དངུལ་ལོར་གཟེབ་མའི་ནང་ཞུགས་པའི་ཆོག་མཆན་གནང་ཞིང་། དངུལ་ལོར་གཟེབ་མ་གསར་བ་དེ་ནི་2016ལོའི་སྤྱི་ཟླ་10པའི་ཚེས་1ཉིན་དངོས་སུ་ནུས་པ་ཐོན་རྒྱུ་རེད།