བོད་ལྗོངས་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་བྱམས་པ་གླིང་ཡུལ་ཚོའི་སྣམ་བུ་འཐག་ལས་ཁང་ནི་2013ལོ་ལག་བསྟར་བྱས་པའི་མ་དངུལ་བསྡོམས་པའི་སྒོར་ཁྲི་90གྱི་ནོར་སྲིད་དབུལ་སྐྱོར་གསར་སྤེལ་རྣམ་གྲངས་ཡིན། ཡུལ་ཚོའི་ཨུ་ཡོན་ལྷན་ཁང་།+ཆེད་ལས་མཉམ་ལས།+དབུལ་པོའི་དུད་ཚང་གི་རྣམ་པ་ལྟར་གཉེར་སྐྱོང་དོ་དམ་བྱས་ཤིང་། 2014ལོར་ཡུལ་ཚོ་ཡོངས་ཀྱི་དུད་ཚང་དབུལ་བོ་28ལ་སྒོར་ཁྲི་13ཐོབ་ནས་བགོ་རྒྱུ་ཡོད་ལ། དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་4600ཡན་ཡིན་ཞིང་། དུས་མཚུངས་སུ་ས་ཆ་དེ་གའི་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་མི་གྲངས་30ཡི་ལས་ཞུགས་གནད་དོན་སེལ་ཐག་གཅོད་བྱས། གྲངས་ཀར་གཞིག་ན། 2014ལོའི་ལོ་མཇུག་བར། བོད་རང་སྐྱོང་ལྗོངས་ཀྱི་དབུལ་བོའི་མི་འབོར་2013ལོའི་ལོ་མཇུག་གི་མི་གྲངས་ཁྲི་45.7ནས་མི་གྲངས་ཁྲི་32.7ལ་ཇེ་ཉུང་དུ་སོང་ཡོད། །