གནའ་བོའི་གླུ་གཞས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22



གླུ་གཞས་ནི་དམངས་ཁྲོད་དུ་ཁྱབ་པའི་རྩོམ་རིག་གི་མངོན་ཚུལ་ཞིག་ཡིན་ཞིང་། སྒྲུང་གླུ་ལེན་སྐབས་མི་གཅིག་གམ་མི་མང་པོས་མཉམ་དུ་ལེན་སྲོལ་གང་རུང་ཡོད་ལ་རོལ་ཆ་དཀྲོལ་བ་དང་མི་དཀྲོལ་བའི་སྲོལ་གཉིས་ཀ་ཡོད། བོད་རིགས་མི་དམངས་ཀྱིས་གནའ་དུས་ཡི་གེ་མེད་དུས་ནས་གླུ་གཞས་ཐོག་ནས་རང་རང་གི་འཚོ་བ་དང་བསམ་པའི་བརྩེ་དུང་། ཐོན་སྐྱེད་དང་འཚོ་བའི་ཉམས་མྱོང་བརྒྱུད་སྤེལ་བྱེད་འགོ་བཙུགས་ཡོད། བོད་རིགས་ས་ཁུལ་དུ་མི་རིགས་ཀྱི་གླུ་གཞས་རིགས་གཙོ་བོ་འགའ་ཞིག་ཡོད་པ་གཤམ་གསལ།
1.གླིང་སྒྲུང་། དེ་ནི་གནའ་བོའི་གླིང་དང་ཧོར་སོགས་ཚོ་ཁག་བར་དམག་འཁྲུགས་ལངས་པའི་སྐོར་བཀོད་དེ་བོད་སིལ་བུར་ཐོར་རྗེས་ཀྱི་ལོ་ངོ་སུམ་བརྒྱ་བཞི་བརྒྱའི་རིང་བོད་ཟང་ཟིང་དུ་གྱུར་ནས་མི་དམངས་ལ་དཀའ་ངལ་བྱུང་བའི་ཚུལ་བསྟན་ཡོད།  གླིང་སྒྲུང་གི་མགོ་ནས་མཇུག་བར་སྒྲུང་གླུ་སྤེལ་མ་ཤ་སྟག་ཡིན་པ་དང་། གླུ་དེ་ཚོ་བོད་རིགས་མི་དམངས་ཀྱིས་ཧ་ཅང་གཏོང་དགའ་བོ་དང་ཉན་སྤྲོ་པོ་བྱེད་པ་མ་ཟད། གླུ་དེ་ཚོའི་ནང་བོད་རིགས་ཀྱི་གསོན་ཉམས་ལྡན་པའི་གཏམ་དཔེ་དང་། དཔེ་དང་དཔེ་ཅན་མང་པོ་ཞིག་འདུས་ཡོད་པ་དེ་ནི་བོད་སྐད་ཀྱི་མིང་མཛོད་ཅིག་རེད་ཅེས་ལབ་ཆོག  
2.སྒྲུང་དང་སྒྲུང་གླུ།   དེའི་ནང་ངག་ཐོག་ནས་ཁྱབ་སྤེལ་གཙོ་བོར་བཏང་བའི་དམངས་ཁྲོད་སྒྲུང་གཏམ་དང་།  སངས་རྒྱས་ཀྱི་གསུང་རབས་ལས་བྱུང་བའི་སྒྲུང་གཏམ། ལེགས་བཤད་ལས་འཕྲོས་པའི་སྒྲུང་ཐུང་། དེ་བཞིན་བོད་ཀྱི་ཆོས་སྲིད་ལོ་རྒྱུས་དང་འབྲེལ་བའི་སྒྲུང་གཏམ། མི་སྣའི་རྣམ་ཐར་དང་བོད་ཀྱི་ཡུལ་སྲོལ་དང་འབྲེལ་བའི་ལོ་རྒྱུས་ཐོག་གི་གནས་ཚུལ་ཙག་ཙིག་སོགས་ཚུད་ཡོད།
3.མགུར་གླུ།  ཏུན་ཧོང་གི་དཔྱད་གཞིའི་ཡིག་རིགས་ནང་པུ་དེ་གུང་རྒྱལ་སྐབས་སུ་མགུར་གླུའི་སྐོར་བཀོད་ཡོད་པ་དེའི་ཐོག་ནས་སྐབས་དེ་དུས་བོད་ཀྱི་སྤྱི་ཚོགས་ནང་མགུར་གླུ་ཁྱབ་ཡོད་པ་ཤེས་ནུས། ཕྱིས་སུ་སངས་རྒྱས་ཆོས་ལུགས་བོད་དུ་དར་རྗེས་སངས་རྒྱས་ཆོས་ལུགས་ལ་དད་ན་བྱེད་མཁན་ཚོས་མགུར་གླུའི་ཐོག་ནས་སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་དྲིལ་བསྒྲགས་བྱས་སྟབས་དམངས་ཁྲོད་ཀྱི་གཏམ་གྱི་སྒྱུ་རྩལ་འདིར་ཆོས་ལུགས་ཀྱི་ཁྱད་ཆོས་ལྡན་པར་གྱུར།  ཁྱད་པར་དུ་མར་པ་ལོ་ཙཱ་གུ་དང་མི་ལ་རས་པ་སོགས་ཀྱི་རྗེས་བཀའ་བརྒྱུད་པའི་དགེ་སློབ་ཁྲོད་མགུར་གླུ་དར་ཁྱབ་ཆེ་པོ་བྱུང་། 
4.བསྟོད་པ་ད་བཤད་པ།  ང་ཚོས《རྦ་བཞེད》ནང་།བཙན་པོ་ཁྲི་ལྡེ་སྲོང་བཙན(815—
857)བསམ་ཡས་གཙུག་ལག་ཁང་བཞེངས་གྲུབ་རྗེས་ཀྱི་རབ་གནས་ཐོག་གནང་བའི་བསྟོད་བཤད་དེ་མཐོང་ཐུབ།དམངས་ཁྲོད་དུའང་བཤད་པ་ཧ་ཅང་ཁྱབ་ཆེ་པོ་ཡོད་པ་མ་ཟད།  མི་གཅིག་ཁོ་ནའམ་མི་མང་པོ་མཉམ་དུ་འཆར་ཅན་གྱི་བཤད་པ་འགའ་ཕུལ་བ་ཕུད་སྤྱིར་ན་རང་དགར་གསར་གཏོད་ཀྱིས་འབུལ་གྱིན་ཡོད།  བསྟོད་པ་ཡང་སྐབས་དེ་དུས་བྱུང་བའི་དམངས་ཁྲོད་ཀྱི་གཏམ་གླུ་སྤེལ་མའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད། ནང་དོན་གྱི་ཐད་ནས་བཤད་ཀྱང་འཚོ་བའི་ཕྱོགས་གང་དང་འབྲེལ་བས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།  བསྟོད་པ་ནི་རྩ་བའི་ཆ་ནས་བསྟོད་ཚིག་ཀློག་གིན་དུ་གླུ་ལེན་པའི་རྣམ་པ་ཞིག་རེད། ནང་དོན་གྱི་ཐད་ནས་བཤད་ཀྱང་འཚོ་བའི་ཕྱོགས་གང་དང་འབྲེལ་བས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།  བསྟོད་པ་ནི་རྩ་བའི་ཆ་ནས་བསྟོད་ཚིག་ཀློག་གིན་དུ་གླུ་ལེན་པའི་རྣམ་པའི་ཐོག་ནས་མ་འོངས་ལོ་ཟླའི་ནང་དར་རྒྱས་ཕུན་ཚོགས་དང་བྱ་བ་ལམ་ལྷོངས་ཡོང་རྒྱུའི་སྨོན་འདུན་ཞུ་བ་ཞིག་རེད།  
5.རྦད་ནི་གནའ་བོའི་བོད་དམག་གཡུལ་སར་འགྲོ་སྐབས་ཀྱི་ངར་སློང་རྒྱུའི་གླུ་རེད།
6.བླ་མ་མ་ཎི་ཆོས་ལུགས་ཀྱི་ཆོ་ག་སོགས་དམངས་ཁྲོད་ཀྱི་རིགས་མི་འདྲ་བའི་སྒྱུ་རྩལ་གྱི་ས་བོན་ཁྲོད་ཆགས་པ་ཞིག་ཡིན་པ་དང་། དེར་ཐུན་མོང་དང་དམིགས་བསལ་གྱི་འཁྲབ་སྟོན་བྱེད་སྟངས་གཉིས་ཡོད།  བླ་མ་མ་ཎི་ནི་ལྷ་མོའི་འཁྲབ་སྟོན་གྱི་སྔོན་ལ་བྱུང་བ་དང་། ཆོས་ལུགས་དང་འབྲེལ་བ་དམ་པོ་ཡོད་ལ། ནང་དོན་དང་རྣམ་པ་གཉིས་ཀའི་ཐོག་ནས་ཆོས་ལུགས་ཀྱི་ཁྱད་ཆོས་ཟབ་མོ་མངོན་གྱི་ཡོད། 
7.འབྲས་དཀར་ནི་ལོ་གསར་སྐབས་དང་དགའ་སྟོན་རྟེན་འབྲེལ་གྱི་ཉིན་མོར་སྒོ་རྩར་ཡོང་ནས་བཀྲ་ཤིས་ཀྱི་བསྟོད་པ་འབུལ་བའི་དམངས་ཁྲོད་ཀྱི་སྒྱུ་རྩལ་པར་ཟེར།  ཁོ་ཚོའི་སྤྱི་ཚོགས་ཀྱི་གནས་བབ་ཧ་ཅང་དམའ་བོ་ཡིན་པ་དང་། རྩ་བའི་ཆ་ནས་ལག་པར་འབྲས་རྒྱུག་དང་། ཕྲག་ཏུ་གདོང་འབག  ཨམ་ཕྲག་ཏུ་ཤིང་ཕོར་བཅས་བཅངས་ནས་སློང་མོའི་འཁྲབ་སྟོན་ཞུ་གི་ཡོད། 
8.སྒྲ་སྙན་ཞབས་བྲོ། སྒྲ་སྙན་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་རིགས་ཀྱི་རོལ་ཆའི་གྲས་ཤིག་ཡིན་ཞིང་།  དར་རྒྱུས་སྐུད་བརྒྱད་བྱས་པ་དང་། བཅུ་དྲུག་བྱས་པ། ཉི་ཤུ་བྱས་པ། དྲུག་བྱས་པ་སོགས་སྣ་ཚོགས་ཡོད་པ་དང་།  དེའི་ནང་ནས་རྒྱུས་སྐུད་དྲུག་བྱས་པ་མང་ཤོས་དང་ཁྱབ་ཆེ་ཤོས་རེད། ས་ཁུལ་སོ་སོའི་སྒྲ་སྙན་ཞབས་བྲོའི་ནང་དོན་རྩ་བའི་ཆ་ནས་གཅིག་པ་ཡིན་རུང་སྒྲ་སྙན་གཏོང་སྟངས་ཐད་ཁྱད་པར་ཡོད།
9.ཤག་ནི་ལོ་གསར་དང་ཆང་སའི་རྟེན་འབྲེལ། ཁང་གསོལ་འོང་སྐོར་སོགས་ཀྱི་སྐབས་ཉུང་མཐར་ཡང་མི་གཉིས་ཁ་གཏད་ཀྱིས་གླུ་གཞས་ཀྱི་རྣམ་པའི་ཐོག་ནས་བཤད་པ་རྒྱག་རེས་བྱེད་པའི་སྒྱུ་རྩལ་གྱི་རྣམ་པ་ཞིག་རེད།
10.བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་། དེ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་དགོད་གཏམ་ཤོད་པ་དང་དགོད་བྲོ་བའི་ཟློས་གར་འཁྲབ་སྟོན་བྱེད་སྟངས་ཕན་ཚུན་མཉམ་འདྲེས་ཀྱིས་འཕེལ་རྒྱས་བྱུང་བའི་གཞས་མ་གཏམ་གྱི་གྲས་གསར་པ་ཞིག་རེད།《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་སྒྲུང་གླུ་སྤེལ་མའི་རྣམ་པའི་ཐོག་ནས་ཤོད་པ་མ་ཟད།  དམངས་ཁྲོད་དུ་ཁྱབ་གདལ་ཆེན་པོ་བྱུང་ཡོད། དཔའ་བོའི་ལོ་རྒྱུས་སྙན་ངག་《གླིང་གེ་སར་རྒྱལ་པོའི་སྒྲུང》ནི་འཛམ་གླིང་ཐོག་གི་ལོ་རྒྱུས་སྙན་ངག་རིང་ཤོས་དེ་ཡིན་པ་དང་། ཚིག་ལྷུག་ཕུད་ལོ་རྒྱུས་སྙན་ངག་རིང་ཤོས་དེ་ཡིན་པ་དང་།ཚིག་ལྷུག་ཕུད་ལོ་རྒྱུས་སྙན་ངག་ཁོ་ནར་ཡིག་ཕྲེང་ཁྲི་100
ནས་ཁྲི་150བར་ཡོད། 《གླིང་གེ་སར་རྒྱས་རྒྱལ་པོའི་སྒྲུང》དུས་རབས་བཅུ་གཅིག་ནས་བཟུང་རིམ་གྱིས་གསར་གཏོད་བྱས་པ་ཞིག་ཡིན་པ་དང་། དེའི་ནང་གླིང་གེ་སར་རྒྱལ་པོས་གཙོས་པའི་དཔའ་ངར་དར་དང་སྤྱང་དྲུང་ལྡན་པ་མ་ཟད། མ་རུངས་པའི་ཕྱོགས་ཁག་དང་འཐབ་རྩོད་བྱེད་ཕོད་མཁན་གྱི་ཁྱད་ཆོས་ལྡན་པ་དང་། རྗོད་བྱེད་ཚིག་སྦྱོར་སྙན་ལ་བརྗོད་བྱ་གོ་བདེ་ཞིང་ཁ་གསལ་པོ་ཡོད། གླིང་སྒྲུང་ནང་གནའ་བོའི་བོད་ཀྱི་བཙན་པོའི་རྒྱལ་རབས་དང་ཉེ་འཁོར་གྱི་ཚོ་བའམ་རྒྱལ་ཁབ་ཁག་དབར་བྱུང་བའི་དམག་འཁྲུག་གི་ལོ་རྒྱུས་དང་། དུས་མཚུངས་སུ་སུ་གནའ་བོའི་བོད་རིགས་སྤྱི་ཚོགས་འཚོ་བའི་གནས་ཚུལ་དངོས་བཀོད་ཡོད། དུས་ཡུན་རིང་པོའི་ནང《གླིང་གེ་སར་རྒྱལ་པོའི་སྒྲུང》ལ་རྒྱ་ཆེའི་མི་དམངས་རྣམས་ཀྱི་ཧ་ཅང་དགའ་པོ་བྱེད་པ་དང་། ས་ཁུལ་ཁག་ཏུ་གེ་སར་སྒྲུང་པ་དང་སྒྲུང་དེབ་བཤུས་མ་རིགས་མང་པོ་མཐོང་རྒྱུ་ཡོད་དོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1