༄༅། བྱིས་པའི་མིག་ཟུང་ལ་གཅེས་ཤེས་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-09


  བྱིས་པར་ཆུང་དུས་ནས་མིག་ཟུང་ལ་གཅེས་སྤྲས་ལེགས་པོ་བྱེད་དགོས་པའི་གོམས་གཤིས་ཆགས་སུ་བཅུག་སྟེ་རྒྱང་སྒྲིབ་མིག་ཏུ་མི་འགྱུར་བར་སྔོན་འགོག་བྱ་དགོས། དཔེ་ཀློག་འབྲི་སྦྱོང་གི་སྐབས་སུ་དྲང་མོར་ཙོག་དགོས་ཤིང་། མིག་དང་དཔེ་ཆའི་བར་བར་ཐག་ལི་སྨི30ཡོད་དགོས། བསྟུད་མར་དཔེ་ཀློག་དང་ཡི་གེ་འབྲི་བའམ་བརྙན་འཕྲིན་ལ་ལྟ་བའི་དུས་ཡུན་ནི་དུས་ཚོད་གཅིག་རིང་ཡིན་ན་ལེགས་ཤིང་བལྟས་ཚར་རྗེས་མིག་གིས་རྒྱང་རིང་ལ་བལྟ་དགོས། ཉི་འོད་དྲག་དུས་སམ་རབ་རིབ་ཀྱི་ཁྲོད་དང་མལ་ཁྲིའི་སྟེང་ལོག་པ་དང་། ལམ་ནས་འགྲོ་ཞོར་དང་རླངས་འཁོར་སོགས་སུ་དཔེ་ཆར་བལྟ་མི་རུང་།

  ཉི་མ་རེ་རེར་མིག་ཟུང་བདེ་ཐང་གི་འཕུར་མཉེད་དང་ཟས་སྤྱོད་འཚམ་པོ་བྱེད་དགོས་པར་མ་ཟད། ཕྱི་རོལ་ཏུ་སོང་ནས་ལུས་རྩལ་བྱེད་སྒོར་ཞུགས་པ་དང་། ཉིན་རེའི་གཉིད་པའི་དུས་ཚོད་ཆུ་ཚོད་བདུན་ལྷག་རིང་ཡིན་དགོས་པས་དེ་ལྟར་རྒྱུན་འཁྱོངས་བྱས་ན་གཞི་ནས་རྒྱང་སྒྲིབ་མིག་ཏུ་འགྱུར་བ་སྔོན་འགོག་བྱེད་ཐུབ། གལ་སྲིད་མིག་ཟུང་རྒྱང་སྒྲིབ་མིག་ཏུ་གྱུར་རྗེས་ངེས་པར་ཚད་དང་རན་པའི་མིག་ཤེལ་གོན་པ་རྒྱུན་འཁྱོངས་བྱ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1