1.བ་དམ་གྱིས་ཞོག་ཁོག་སྲེག་མ་སོགས་སིལ་ཟས་ཀྱི་ཚབ་བྱེད་པ།
བ་དམ་ནང་དུ་ཡང་སྣུམ་ཞག་མང་པོ་འདུས་ཀྱང་། ལྡོག་སྟེ་མི་ལུས་ལ་རྒྱུན་ལྡན་གྱི་ཁྲག་རྩའི་ནུས་པ་རྒྱུན་འཁྱོངས་ཡོང་བར་རོགས་རམ་བྱེད་པ་རེད། དེ་བཞིན་དུ་བ་དམ་འོས་འཚམ་ཞིག་ཟོས་ན་སྙིང་གི་བདེ་ཐང་ལ་གནོད་པ་མི་བཟོ་བ་རེད། དེ་ཡང་བ་དམ་དེ་ཉིན་རྒྱུན་བཟའ་བཏུང་ཁྲོད་དུ་འདྲེན་པའི་ཐབས་ལམ་བཟང་ཤོས་ནི་དེ་ཡིས་བདེ་ཐང་ལ་གནོད་པའི་སྣུམ་ལྡན་ཟས་རིགས་ཏེ་དཔེར་ན་ཞོག་ཁོག་སྲེག་མ་ལྟ་བུའི་ཚབ་བྱ་རྒྱུ་དེ་ཡིན།
2.འཚོ་བའི་དམིགས་འབེན་རྙེད་པར་བྱེད་པ།
འཚོ་བའི་ཁྲོད་དུ་དམིགས་འབེན་འདུ་ཤེས་ཤུགས་དྲག་པའི་མི་ནི་སྙིང་ནད་དང་གཟའ་གྲིབ་ཕོག་ནས་འཆི་བའི་ཉེན་ཁ་ལས19%ཡིས་དམའ་བ་རེད།
3.མཁའ་དབུགས་གསར་བ་རྔུབ་པ།
རུབ་ཚད་མཐོ་བའི་རྡུལ་དངོས་ནང་དུ་འདུག་ཡུན་རིང་བའི་མི་ཡི་མཇིང་བའི་འགུལ་རྩ་དོག་རུབ་ཡོང་བའི་ཉེན་ཁ་ནི24%ཡིས་མཐོ་བ་ཡིན་པས། གཟའ་གྲིབ་འཕོག་སླ་བ། མཁའ་དབུགས་གསར་བ་བརྔུབས་ན་ཉེན་ཁ་དེ་ཇེ་དམའ་རུ་གོང་ཐུབ་པ་རེད།
4.ཤ་ཉུང་ཉུང་ཟ་བ།
ཟ་མའི་ཁྲོད་དུ་རྩི་ཤིང་ནས་ཐོན་པ་ཡིས70%ཟིན་པའི་མི་ལ་མཚོན་ན་སྙིང་ནད་བྱུང་ནས་འཆི་བའི་ཉེན་ཁ་ནི་ཤ་ཟས་མང་པོ་ཟ་བའི་མི(རྩི་ཤིང་ནས་ཐོན་པའི་ཟས་རིགས་ཀྱིས45%ཙམ་ཟིན་པ)ལས20%ཡིས་དམའ་བ་རེད།
5.ནུས་འཕེལ་བཏུང་རྫས་ཉུང་འཐུང་བྱེད་པ།
ནུས་འཕེལ་བཏུང་རྫས་འཐུངས་ན་ཁྲག་ཤེད་མཐོ་རུ་སོང་བ་གཞི་བྱས་ནས་སྙིང་ནད་འབྱུང་བའི་ཉེན་ཁ་འཕར་སྣོན་འབྱུང་བ་རེད། ནམ་རྒྱུན་ཁོ་ཧྥེ་རྒྱུ་སྡུད་ལེན་ཚད་ཅུང་ཉུང་བའི་མི་ལ་མཚོན་ན།ཁྲག་ཤེད་འཕར་བའི་ཤུགས་རྐྱེན་ངན་པ་ལྷག་ཏུ་ཐེབས་སླ་བ་རེད།
5.ཕྱུར་བ་ཟ་བ།
རྟག་པར་ཕྱུར་བ་ཟ་བའི་མི་ལ་མཚོན་ན། ཁྲག་ནང་དུ་མཁྲིས་རྒྱུ་གཤེར་རྩི་འདུས་ཚད་ཅུང་དམའ་བ་རེད། ཕྱུར་བ་ཟོས་རྗེས། རྒྱུ་མའི་ཕྲ་སྲིན་གྱིས་མཁྲིས་རྒྱུ་གཤེར་རྩི་ལ་ཚོད་འཛིན་ནུས་པ་འདོན་པར་བྱེད་པ་རེད།
6.ཁྲོག་ལེ་ནག་པོ་ཟ་བ།
ཉིན་རེར་ཁྲོག་ལེ་ནག་པོ་ཁེ100ཟོས་ན།སྙིང་ནད་དང་གཟའ་གྲིབ་འཕོག་པའི་ཉེན་ཁ11%ཡིས་དམའ་བ་རེད།
7.མངར་ཆ་འདུས་པའི་བཏུང་རྫས་ཉུང་འཐུང་བྱེད་པ།
ནམ་རྒྱུན་མངར་ཆ་འདུས་པའི་བཏུང་རྫས་འཐུངས་པ་ཇི་ཙམ་མང་ན།སྙིང་ནད་འཕོག་པའི་ཉེན་ཁ་དེ་ལྟར་ཆེ་བ་རེད།།
《ཉིན་བཅུའི་རྩོམ་བཏུས་དུས་དེབ》ལྟར་བསྒྱུར།