ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་དུས་གཏན་གྱི་བར་གནས་རྒྱལ་ཁབ་ཀྱི་གོ་གནས་ཐོབ་ནས་ལོ་འཁོར་20ལོན་པར་རྟེན་འབྲེལ་ཞུས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-12


  སྤྱི་ཟླ་12པའི་ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཞི་ཅིན་ཕིང་གིས་ཏུར་མེན་སི་ཐན་རྒྱལ་ཁབ་ཀྱི་སྲིད་འཛིན་པེར་ཏི་མོའུ་ཧྭ་མེའུ་ཏོ་ཧྥོ་ལ་འཕྲིན་ཡིག་བསྐུར་ཏེ་ཏུར་མེན་སི་ཐན་དུས་གཏན་གྱི་བར་གནས་རྒྱལ་ཁབ་ཀྱི་གོ་གནས་ཐོབ་ནས་ལོ་འཁོར་20ལོན་པར་རྟེན་འབྲེལ་ཞུས།

  ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་ནང་ཏུར་མེན་སི་ཐན་ལ་དུས་གཏན་གྱི་བར་གནས་རྒྱལ་ཁབ་ཀྱི་གོ་གནས་ཐོབ་ནས་ལོ་འཁོར་20ལོན་པའི་རྟེན་འབྲེལ་གྱི་དུས་སྐབས་འདིར་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཤིང་དེ་མིན་ང་སྒེར་ངོས་ནས་ཁྱེད་ལ་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་ཡིན། ལོ་ངོ་20ལྷག་གི་རིང་ལ་ཏུར་མེན་སི་ཐན་གྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་བར་གནས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་ལས་འབྲལེ་བ་བཙུགས་ཤིང་ས་གནས་དང་འཛམ་གླིང་གི་ཞི་བདེ་གཏན་འཇགས་ལ་མཛད་རྗེས་ཆེན་པོ་བཞག་པ་རེད། ཀྲུང་གོ་དང་ཏུར་མེན་སི་ཐན་ནི་ཕན་ཚུན་ཡིད་ཆེས་དང་རོགས་འདེགས་བྱེད་པའི་གྲོགས་པོ་བཟང་བོ་ཡིན། རྒྱལ་ཁབ་གཉིས་ཀྱིས་འབྲེལ་བ་བཙུགས་པའི་ཚུན་ལ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མགྱོགས་མྱུར་ངང་འཕེལ་རྒྱས་སུ་ཕྱིན་པ་ཤིན་ཏུ་ལེགས། དེ་མིན་ཆབ་སྲིད་ཡིད་ཆེས་དང་གཉིས་ཕན་མཉམ་འབྲེལ། འཐབ་ཇུས་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་ཏེ་འབྲས་བུ་ཆེན་པོ་བླངས། ངས་ཀྲུང་གོ་དང་ཏུར་མེན་སི་ཐན་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་བཞིན་ཡོད་ལ། ཁྱེད་དང་མཉམ་དུ་འབད་པ་ཆེན་མོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་འཕེལ་བར་སྐུལ་འདེད་གཏང་སྟེ་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1