ཞི་ཅིན་ཕིང་གིས་ཨ་རིའི་སྲིད་འཛིན་ཨོ་པཱ་མ་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-13


  སྤྱི་ཟླ་12པའི་ཚེས་11ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཨ་རིའི་སྲིད་འཛིན་ཨོ་པཱ་མ་ལ་ཁ་པར་བཏང་།

  ཞི་ཅིན་ཕིང་གི་ཉེ་སྔོན་ང་ཚོས་ཕེ་རིས་ནས་གྲོས་མོལ་མཛད་སྐབས་ཀྲུང་གོ་དང་ཨ་རིའི་འབྲེལ་བ་དང་ཐུན་མོང་གི་སེམས་ཁུར་བྱེད་བཞིན་པའི་གནད་དོན་ཐད་ལ་བསམ་འཆར་བརྗེ་རེས་བྱས་པར་མ་ཟད། ཐུན་མོང་གི་ངོས་འཛིན་ཡང་གང་མང་བྱུང་། ལོ་གསར་པ་ཚེས་པའི་སྐབས་འདིར་ཀྲུང་གོ་དང་ཨ་རིའི་འབྲེལ་བ་གོ་སྐབས་གསར་པ་ཞིག་གདོང་གཏོད་དགོས་པའི་ཞོར་དུ་འགྲན་རྩོད་ཁ་ཤས་ཤིག་ཀྱང་གནས་པ་རེད། ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྒྱུན་མཐུད་གཏན་འཇགས་ཀྱི་འཕེལ་རྒྱས་རྒྱུུན་འཁྱོངས་བྱེད་པ་ནི་རྒྱལ་ཁབ་གཉིས་ཀྱི་ཁེ་ཕན་དང་མཐུན། ཨ་རི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་དོན་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་འཛུགས་སྐྲུན་རང་བཞིན་གྱི་ཐབས་ལམ་སྤྱད་དེ་འགལ་བ་དང་ཚོར་སྐྱེན་ཆེ་བའི་གནད་དོན་ལ་དོ་དམ་བྱས་ཏེ་ཀྲུང་གོ་དང་ཨ་རིའི་འབྲེལ་བ་རྣམ་པ་གསར་པའི་རྒྱལ་ཁབ་ཆེན་མོའི་འབྲེལ་བ་འཛུགས་པའི་ཕྱོགས་སུ་འཕེལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

  ཨོ་པཱ་མ་ཡིས་ཉེ་སྔོན་ང་རང་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཕེ་རིས་ནས་གྲོས་མོལ་བྱས་ཏེ་ལེགས་འགྲུབ་བྱུང་བར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཕྱོགས་གཉིས་ཀྱིས་དུས་རྒྱུན་དུ་རྒྱལ་སྤྱི་དང་ས་ཁུལ་བར་གྱི་གནད་དོན་གལ་ཆེན་ཐད་ནས་འོས་བསྟུན་སྙོམས་སྒྲིག་བྱེད་པ་དེ་ཨ་རི་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏང་བར་དོན་སྙིང་གལ་ཆེན་ལྡན། ཕེ་རིས་ནས་འཚོགས་པའི་གནམ་གཤིས་འགྱུར་ལྡོག་ཚོགས་ཆེན་སྟེང་ཕྱོགས་སོ་སོས་གཅིག་བསྡུས་ཀྱིས་གྲོས་བསྡུར་བྱས་ཏེ་ཐུན་མོང་གི་ངོས་འཛིན་བྱུང་ལ། ཨ་རི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་དུ་འོས་བསྟུན་སྙོམས་སྒྲིག་ལ་བརྩི་སྲུང་བྱས་ཏེ་ནམ་ཟླའི་འགྱུར་ལྡོག་ཕེ་རིས་ཚོགས་ཆེན་སྟེང་གི་ལས་ཀར་སྐུལ་འདེད་བཏང་ནས་གཡར་དུ་ཟ་བའི་གྲུབ་འབྲས་ལེན་པར་བརྩོན་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1