ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་《གནས་སྡོད་དཔང་ཡིག་གི་གནས་སྐབས་སྲོལ་ཡིག》སྟེང་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


  སྤྱི་ཟླ་12པའི་ཚེས་12ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་《གནས་སྡོད་དཔང་ཡིག་གི་གནས་སྐབས་སྲོལ་ཡིག》སྟེང་མིང་རྟགས་བཀོད་དེ་ཁྱབ་བསྒྲགས་བྱས། 《གནས་སྡོད་དཔང་ཡིག་གི་གནས་སྐབས་སྲོལ་ཡིག》2016ལོའི་སྤྱི་ཟླ་1པའི་ཚེས་1ཉིན་དངོས་ནས་ལག་བསྟར་བྱ་རྒྱུ་རེད།

  《སྲོལ་ཡིགའདི་དོན་ཚན་23གྱིས་གྲུབ་པ་དང་ས་གནས་སོ་སོའི་གནས་སྡོད་དཔང་ཡིག་གི་ལམ་ལུགས་ལ་ཟུར་ལྟ་བྱས་ཏེ་གནས་སྡོད་དཔང་ཡིག་གི་དབང་ཆའི་ནུས་པ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་དག་གི་ཞབས་ཞུའི་ནུས་པ་འབུར་དུ་ཐོན་པར་བྱས་པ་མ་ཟད། གནས་སྡོད་དབང་ཡིག་གི་ངོ་བོ་དང་རེ་ཞུའི་ཆ་རྐྱེན་ཀྱི་རྨང་གཞིའི་སྟེང་ཕྱོགས་གཅིག་ནས་གནས་སྡོད་དཔང་ཡིག་ཡོད་མཁན་གྱི་མིར་རྩ་བའི་སྤྱི་གཞུང་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་སྟབས་བདེ་བསྐྲུན་པར་གཏན་འཁེལ་གསལ་པོ་བྱས་པ་དང་ཕྱོགས་གཞན་ཞིག་ནས་ས་གནས་སོ་སོས་རྒྱུན་ཆད་མེད་པར་ཆ་རྐྱེན་བསྐྲུན་ཏེ་སྔར་ལས་ལེགས་པའི་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་འདེད་བཏང་ཡོད།

  《གནས་སྡོད་དཔང་ཡིག་གི་གནས་སྐབས་སྲོལ་ཡིགཁྱབ་བསྒྲགས་བྱས་པ་དེས་རྣམ་པ་གསར་པའི་གྲོང་རྡལ་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་དང་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་། སྤྱི་ཚོགས་དྲང་བདེན་ལ་དྲང་ཕྱོགས་ཀྱི་ཕན་ནུས་གལ་ཆེན་འདོན་ཐུབ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1