ཞི་ཅིན་ཕིང་ཏང་གི་སློབ་གྲྭའི་ལས་ཀའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15


  སྤྱི་ཟླ་12པའི་ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཏང་གི་སློབ་གྲྭའི་ལས་ཀའི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་།

  ཞི་ཅིན་ཕིང་གིས་ཏང་གི་སློབ་གྲྭའི་ལས་དོན་ནི་ཏང་གི་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཏང་གི་སློབ་གྲྭ་ནི་ང་ཚོའི་ཏང་གི་ཏང་ཡོན་ལས་བྱེད་པ་གསོ་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་ནས་ས་གནས་བར་ཏང་གི་སློབ་གྲྭའི་མ་ལག་འཛུགས་སྐྲུན་བྱས་ཏེ་ལས་བྱེད་པ་གསོ་སྐྱོང་བྱེད་པ་ནི་ང་ཚོའི་ཏང་གི་ཆབ་སྲིད་ཀྱི་བཟང་ཆ་གལ་ཆེན་ཞིག་ཡིན། དུས་ཡུན་རིང་བའི་ནང་ང་ཚོའི་ཏང་གིས་བྱེད་ཐབས་འདི་སྤྱད་དེ་རྐང་འཛིན་དབུ་ཁྲིད་པ་མང་པོ་ཞིག་གསོ་སྐྱོང་བྱས་ཤིང་གསར་བརྗེ་དང་འཛུགས་སྐྲུན། བཅོས་བསྒྱུར་བཅས་ཀྱི་རྒྱལ་ཁ་ལ་རྩ་འཛུགས་ཀྱི་འགན་སྲུང་བྱ་བྱ་དགོས་པར་མ་ཟད་རིམ་པ་སོ་སོའི་ཏང་ཨུ་ཡིས་རྣམ་པ་གསར་པའི་འོག་གི་ཏང་གི་སློབ་གྲྭའི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་དོན་སྙིང་ལ་ངོས་འཛིན་བཟང་པོ་བྱ་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་ཏང་གི་ངོ་བོའི་སློབ་གསོ་ནི་གུང་ཁྲན་ཏང་མིའི་ངེས་སྦྱོང་སློབ་གསོ་ཡིན་ལ། རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཏང་གི་ངོ་བའི་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་ངོས་འཛིན་བྱ་དགོས། དེ་མིན་གཏིང་ཟབ་པའི་སྒོ་ནས་ཕུགས་བསམ་འདུ་ཤེས་ཀྱི་སློབ་གསོ་དང་ཏང་གི་ལངས་ཕྱོགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ་ཏང་གི་རྩ་དོན་དང་སྒྲིག་ལུགས་ཀྱི་སློབ་སྦྱོང་དེ་ཏང་གི་ངོ་བོའི་སློབ་གསོའི་ནང་དོན་གལ་ཆེན་དུ་འཛིན་དགོས་ཞེས་བསྟན།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1