ཞི་ཅིན་ཕིང་གིས་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་ལ་ཁ་པར་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-15



  སྤྱི་ཟླ་12པའི་ཚེས་14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དུས་བཅད་ལྟར་ཧྥ་རན་སིའི་སྲིད་འཛིན་ཨོ་ལང་ཏི་ལ་ཁ་པར་བཏང་།


  ཞི་ཅིན་ཕིང་གིས་ཐོག་མར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཕེ་རིས་ཚོགས་ཆེན་ལ་རྒྱལ་ཁ་བླངས་པར་རྟེན་འབྲེལ་ཞུས། ཁོང་གིས་ཕེ་རིས་ཚོགས་ཆེན་སྟེང་《ཕེ་རིས་གྲོས་ཆོད།》རྒྱལ་ཁའི་ངང་གྲོས་འཆམ་བྱུང་ཞིང་འདིས་2020ལོའི་རྗེས་སུ་ཇགནམ་གཤིས་འགྱུར་ལྡོག་ལ་ཇི་ལྟར་གཏོད་པར་ཁ་ཕྱོགས་གསལ་པོ་ཞིག་བསྟན་ཡོད་པས་འདི་ལ་ལོ་རྒྱུས་རང་བཞིན་གྱི་དོན་སྙིང་གལ་ཆེན་ལྡན། ཀྲུང་གོ་ཕྱོགས་ནས་དུས་དང་རྣམ་པ་ཀུན་ཏུ་བློ་བརྟན་འགྱུར་མེད་སྒོས་ཧྥ་རན་སི་ཕྱོགས་ཀྱི་ཚོགས་ཆེན་ལ་རྒྱལ་ཁབ་ཐོབ་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། གྲོས་ཚོགས་ལ་རྒྱལ་ཁ་ཐོབ་པར་ཀྲུང་གོས་མཛད་རྗེས་བཞག་ཡོད་ལ། ཀྲུང་གོ་དང་ཧྥ་རན་སི་གཉིས་ཀྱི་ཕྱོགས་སོ་སོ་དང་ལྷན་དུ་《ཕེ་རིས་གྲོས་ཆོད།》ལག་བསྟར་བྱེད་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏོད་པའི་ཕན་ནུས་གོང་འཕེལ་དུ་གཏང་བར་སྐུལ་འདེད་གཏང་དགོས། ཕེ་རིས་ཚོགས་ཆེན་ལ་རྒྱལ་ཁ་ཐོབ་པ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་མཉམ་འབྲེལ་དང་བརྗེ་རེས་བརྒྱུད་དེ་རྒྱལ་སྤྱིའི་གནད་དོན་གལ་ཆེན་ཐག་གཅོད་བྱེད་ཐུབ་པ་མཚོན་ཡོད་ཅེས་བསྟན། 

  ཨོ་ལང་ཏེ་ཡིས་ཀྲུའུ་ཞི་ཞི་ཞིན་ཕིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཕེ་རིས་ཚོགས་ཆེན་ཀྱི་མཛད་སྒོར་ཞུགས་པར་བཀའ་དྲིན་ཞུ། 《ཕེ་རིས་གྲོས་ཆོད།》ནི་དགོངས་དོན་གཏིང་ཟབ་ཅིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་རེད། ཕྱོགས་སོ་སོས་མཉམ་དུ་འབད་པ་ཆེན་མོས་ཕན་ཕྱོད་ལྡན་པའི་སྒོ་ནས་གྲོས་ཆོད་ལག་བསྟར་བྱ་དགོས། 《ཕེ་རིས་གྲོས་ཆོད།》ཀྱིས་ཧྥ་རན་སི་དང་ཀྲུང་གོའི་ལྗང་བསྒྱུར་འཕེལ་རྒྱས་དང་དམངས་སྤྱོད་ཉིང་རྡུལ་སོགས་ཁྱབ་ཁོངས་ཀྱི་མཛམ་འབྲེལ་གཏིང་ཟབ་ཏུ་སྤེལ་བར་མདུན་ལྗོངས་གསར་པ་བསྐྲུན་ཡོད། ཧྥ་རན་སིས་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པར་མོས་མཐུན་བྱུང་བར་མ་ཟད། ཀྲུང་གོས་2016ལོར་རྒྱལ་ཁབ་ཉི་ཤུ་ཚོགས་པའི་ཧང་ཀྲུའོ་མཐོ་རིམ་གྲོས་ཚོགས་ལེགས་པོ་བསྒྲུབ་པར་རྒྱབ་སྐྱོར་བྱ་ངེས་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1