སྤྱི་ཟླ་12པའི་ཚེས་16ཉིན་གྱི་སྔ་དྲོ། ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་ཁྲེན་ཏུའུ་རུ་འཚོགས། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། འགོ་ཁྲིད་ཚོགས་ཆུང་གི་འགན་འཛིན་པ་ཝང་ཏུང་མིང་གིས་ཚོགས་འདུར་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གལ་ཆེན་གནང་།
ཚོགས་འདུའི་སྟེང་《སི་ཁྲོན་ཞིང་ཆེན་དབུལ་སྒྲོལ་འགག་སྒྲོལ་འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་གྲོས་མོལ་སྒྲིག་སྲོལ》 དང་《2016ལོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་གཙོ་གནད།》ལ་གྲོས་ཞིབ་བྱས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་དབུལ་སྐྱོར། སྐྱེ་ཁམས་འཛུགས་སྐྲུན་གྱི་དབུལ་སྐྱོར། ཐོན་ལས་ཀྱི་དབུལ་སྐྱོར། ཡུལ་ཚོ་གསར་པ་འཛུགས་སྐྲུན་གྱི་དབུལ་སྐྱོར། སློབ་གསོ་དང་ལས་ཞུགས་ཀྱི་དབུལ་སྐྱོར། སྨན་བཅོས་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་དབུལ་སྐྱོར། རིག་གནས་དམངས་ཕན་གྱི་དབུལ་སྐྱོར། སྤྱི་ཚོགས་འགན་སྲུང་གི་དབུལ་སྐྱོར། སྤྱི་ཚོགས་ཀྱི་དབུལ་སྐྱོར། ནོར་སྲིད་དང་དངུལ་རྩའི་དབུལ་སྐྱོར་སོགས་དབུལ་སྐྱོར་ཆེད་དམིགས་ཇུས་གཞི་10ཡི་2016ལོའི་ལས་ཀའི་འཆར་གཞི་ལ་གྲོས་ཞིབ་གནང་། གྲོས་བསྡུར་བྱས་པའི་བསམ་འཆར་དང་གྲོས་འཆར་ལ་ཟུང་འབྲེལ་བྱས་ཤིང་། དུས་ཚོད་དམ་འཛིན་བྱས་ནས་བཟོ་བཅོས་འཐུས་ཚང་དུ་གཏང་བ་དང་གོ་རིམ་ལྟར་ཞིབ་བཤེར་གནང་རྗེས་པར་འགྲེམས་བྱས་ཏེ་ལག་ལེན་བསྟར་རྒྱུའི་བླང་བྱ་བཏོན།།