ཞི་ཅིན་ཕེན་གྱིས་ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མོའོ་ཧྥུའུ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-18


  སྤྱི་ཟླ་12པའི་ཚེས་16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲེ་ཅང་ཞིང་ཆེན་གྱི་ཝུའུ་ཀྲིན་དུ་ཧ་སག་སི་ཐན་གྱི་ཙུང་ལི་མ་ཞི་མའོ་ཧྥུའུ་དང་མཇལ་འཕྲད་གནང་།

  ཞི་ཅིན་ཕིང་གིས་དེ་རིང་ནི་ཧ་སག་སི་ཐན་རྒྱལ་ཁབ་དབུ་བརྙེས་པའི་ཉིན་མོ་རེད། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་བྱས་ཏེ་ཧ་སག་སི་ཐན་མི་དམངས་ལ་རྟེན་འབྲེལ་ཞུས་པ་ཡིན། ད་ལོ་ནི་ཀྲུང་གོ་དང་ཧ་སག་སི་ཐན་གཉིས་ཀྱི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་ཕྱིན་པའི་ལོ་ཞིག་རེད།  ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས། ང་ཚོས་འབད་པ་ཆེན་པོས་གསར་འབྱེད་བརྩོན་ལེན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་ཆེས་སྲ་བརྟན་དང་འཐབ་ཇུས་ཐད་ཀྱི་མཉམ་འབྲེལ་དེ་ཕན་ཕྱོད་ལྡན་པའི་གྲུབ་འབྲས་སུ་བསྒྱུར་དགོས་ཏེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་དགོས་ཞེས་བསྟན།

  མཱ་ཞི་མོའོ་ཧྥུ་ཡིས་ཧ་སག་སི་ཐན་ཕྱོགས་ནས་སྲིད་འཛིན་ནཱ་ཀྲར་པཱ་ཡུས་ཧྥུ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་ཏུ་སྤེལ་བའི་ཐུན་མོང་ངོས་འཛིན་ལག་བསྟར་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དངོས་དོན་མཉམ་འབྲེལ་ལ་སྐུལ་འདེད་གཏོང་བཞིན་ཡོད། ཧ་སག་སི་ཐན་ཕྱོགས་ནས་གོ་སྐབས་དམ་འཛིན་བྱས་ཏེ་བཟོ་ཚོང་དང་ནུས་ཁུངས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་གྲུབ་འབྲས་ཆེན་པོ་ལེན་འདོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1