ལི་ཁེ་ཆང་དང་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུ་གཉིས་ཀྱིས་མཉམ་དུ་གསར་འགོད་པར་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-19


  སྤྱི་ཟླ་12པའི་ཚེས་17ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཨུ་རུ་སུའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་མཉམ་དུ་གསར་འགོད་པར་འཇལ་འཕྲད་གནང་།

  ལི་ཁེ་ཆང་གིས་ཀྲུང་གོ་དང་ཨུ་རུ་སུའི་ཙུང་ལིའི་མཇལ་འཕྲད་ཀྱི་གྲུབ་འབྲས་མཚམས་སྦྱོར་བྱས་ཤིང་དེ་མིན་ནུས་ཁུངས་དང་དམག་ཆས་སྒྲིག་བཟོ། ཚན་རྩལ། གློག་རྡུལ་ཚོང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་འཕེལ་རྒྱས་སུ་ཕྱིན་ཏེ་ཕྱོགས་གཉིས་ཀྱི་བཟོ་ཚོང་འཕེལ་རིམ་གསར་པར་འཕར་བ་རེད་ཅེས་བསྟན། ཁོང་གིས་ཀྲུང་གོ་དང་ཨུ་རུ་སུས་དཔལ་འབྱོར་སྒྲིག་གཞི་ལེགས་སྒྲིག་གི་གལ་ཆེའི་འོས་འགན་ལ་གདོང་གཏོད་དགོས་ཤིང་

  ཕྱོགས་གཉིས་ཀྱི་དཔལ་འབྱོར་བཟོང་ཚོང་ཁྱབ་ཁོངས་ཀྱི་་མཉམ་ལས་ལ་མདུན་ལྗོངས་ཆེན་པོ་ལྡན། རྒྱལ་ཁབ་གཉིས་ཀྱིས་མཉམ་འབྲེལ་ལ་ཤུགས་སྣོན་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་ཕན་པར་མ་ཟད། ཚོང་ར་གསར་པའི་རྒྱལ་ཁབ་ཀྱི་དར་རྒྱས་དང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་དག་གིས་མིག་སྔའི་འཛམ་གླིང་དཔལ་འབྱོར་རྙོག་འཛིང་ཡིན་པའི་གནབ་བབ་ལ་ཁ་གཏོད་པའི་ཡིད་ཆེས་སྲ་བརྟན་དུ་གཏང་བ་དང་། འཛམ་གླིང་དཔལ་འབྱོར་གྱི་བསྐྱར་དར། དེ་མིན་ས་གནས་དང་འཛམ་གླིང་གི་ཞི་བདེ། གཏན་འཇགས་དང་དར་རྒྱས་ཀྱི་སྐུལ་འདེད་ལའང་ཕན་པ་ཆེན་པོ་ཡོད་ཅེས་བསྟན།

  མེ་ཏི་ཝེ་ཅེ་ཧྥུ་ཡིས་ཐེངས་འདིའི་ཙུང་ལིའི་དུས་བཅད་མཇལ་འཕྲད་ལས་གྲུབ་འབྲས་མངོན་གསལ་ཐོབ་པ་ལས་ཨུ་རུ་སུ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་མཛའ་འབྲེལ་འཕེལ་རྒྱས་སུ་སོང་བ་དང་རྒྱལ་ཁབ་གཉིས་ཀྱི་མཉམ་འབྲེལ་ལ་མདུན་ལྗོངས་ལེགས་པོ་ཡོད་པ་མཚོན། ཨུ་རུ་སུའི་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་འབད་པ་ཆེན་པོའི་མཉམ་འབྲེལ་གྱི་གཞི་འབབ་ས་དང་འཕར་སྣོན་བྱུང་ས། ཐོད་བརྒལ་བྱུང་སར་འཚོལ་ཞིབ་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་དངོས་དོན་མཉམ་འབྲེལ་གཏིང་ཟབ་ཏུ་སྤེལ་འདོད། དེ་མིན་ཙུང་ལི་ལི་ཁེ་ཆང་སང་ལོར་ཨུ་རུ་སུ་ལ་འཚམས་འདྲིར་དང་སྐབས་ཉེར་གཅིག་པའི་ཙུང་ལིའི་མཇལ་འཕྲད་ལ་ཞུགས་པར་དགའ་བསུ་ཞུ་ཞེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1