ཡུལ་དངོས་ཀྱི་འདྲ་པར།
སྤྱི་ཟླ་12པའི་ཚེས་20ཉིན་གྱིས་དགོང་མོའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཞི་བཅུའི་སྟེང་ཀོང་ཏུང་ཞིང་ཆེན་ཧྲིན་ཀྲེན་གྲོང་ཁྱེར་ཀོང་མེན་ས་ཁུལ་གསར་པའི་ཧྥུན་ཧོང་གཞིས་ཁུལ་ཧི་ཐེ་ཡེས་བཟོ་ལས་ཁུལ་དུ་རི་ཉིལ་བ་དང་ཉེ་འགྲམ་གྱི་ནུབ་རླུང་ཤར་འདྲེན་སྦུག་ལམ་གས་གཏོར་བྱུང་། ཚེས་21ཉིན་གྱི་སྔ་དྲོར་སྤེལ་བའི་ཐེངས་གསུམ་པའི་གསར་འགྱུར་ཁྱབ་བསྒྲགས་སྟེང་ཧྲེན་ཀྲེན་གྲོང་ཁྱེར་གྱི་ཞིང་དཔོན་གཞོན་པ་ལིའུ་ཆིན་ཧྲེང་གིས་བསྟན་དོན་མིག་སྔའི་བར་རི་ཉིལ་དོན་རྐྱེན་ཁྲོད་སྐྱེས་པ་59དང་བུད་མེད་32ཏེ་བསྡོམས་པའི་མི་91ལ་འབྲེལ་ལམ་ཆད།།
ཡུལ་དངོས་ཀྱི་འདྲ་པར།
ཡུལ་དངོས་ཀྱི་འདྲ་པར།