ཞི་ཅིན་ཕིང་གིས་ཨི་རག་གི་ཙུང་ལི་ཨ་པཱ་ཏི་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-24


  སྤྱི་ཟླ་12པའི་ཚེས་22ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཨི་རག་གི་ཙུང་ལི་ལི་ཨ་པཱ་ཏི་དང་མཇལ་འཕྲད་གནང་། ཕྱོགས་གཉིས་ཀྱིས་གོམ་གང་མདུན་སྤོས་སྒོས་ཕྱོགས་གཉིས་ཀྱི་འབྲེལ་བའི་ཆུ་ཚད་མཐོར་འདེགས་སུ་གཏང་སྟེ་ཀྲུང་གོ་དང་ཨི་རག་གི་འཐབ་ཇུས་མཛའ་འབྲེལ་འཛུགས་སྐྲུན་བྱེད་པར་ཐག་གཅོད་བྱས།

  ཞི་ཅིན་ཕིང་གིས་ཉེ་བའི་ལི་འདི་གའི་རིང་ལ། ཀྲུང་གོ་དང་ཨི་རག་གི་འབྲེལ་བ་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བཞིན་འདུག ཀྲུང་གོ་དང་ཨི་རག་གིས་ཕྱོགས་ཡོངས་ཐབས་ཇུས་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས་ཏེ་མ་འོངས་པའི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བསྐྲུན། ཕྱོགས་གཉིས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཀྲུང་གོ་དང་ཨི་རག་གི་འབྲེལ་བ་སྔར་ལས་མཐོ་བའི་ཆུ་ཚད་ཅིག་ཏུ་འཕེལ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ནས་ཨི་རག་གི་རྒྱལ་ཁབ་ཀྱི་བདག་དབང་དང་རང་བཙན། མངའ་ཁོངས་གཅིག་གྱུར་ལ་འགན་སྲུང་བྱེད་པར་རྒྱབ་སྐྱོར་བྱ་ངེས་ཡིན་ལ། བློ་བརྟན་འགྱུར་མེད་སྒོས་ཨི་རག་ཕྱོགས་ཀྱི་རྒྱལ་ཁབ་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐབས་ཇུས་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་ཨི་རག་དང་མཉམ་དུ་ཁྱབ་ཁོངས་འདི་དང་འབྲེལ་བའི་མཉམ་འབྲེལ་ལ་ཤུགས་སྣོན་བྱ་འདོད། ཀྲུང་གོ་ཕྱོགས་ནས་ཨི་རག་ཕྱོགས་ལ་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལ་མཁོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་འདོད་པར་མ་ཟད། ཨི་རག་གི་ན་གཞོན་དང་སློབ་གཉེར་བ། གསར་ལམ་ཁག་གི་མི་སྣ། བློ་མཛོད་མི་སྣ་ཀྲུང་གོར་བརྗེ་རེས་བྱེད་དུ་འོང་བའི་གོ་སྐབས་སྔར་ལས་མང་པོ་བསྐྲུན་འདོད་ཅེས་བསྟན།

  ཨ་པཱ་ཏི་ཡིས་ཨི་རག་དང་ཀྲུང་གོ་ནི་གནའ་བོའི་ཤེས་རིག་ལྡན་པའི་རྒྱལ་ཁབ་གཉིས་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ལོ་རྒྱུས་ཤིན་ཏུ་རིང་། ང་ཐེངས་འདིར་ཀྲུང་གོར་འཚམས་འདྲིར་ཡོང་པའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་དང་ནུས་ཁུངས། གློག་ཤུགས། འཕྲིན་སྦྱོར། རྨང་གཞིའི་སྒྲིག་བཀོད། བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་འབྲེལ་ལ་ཤུགས་སྣོན་བྱས་ཏེ་གོམ་གང་མདུན་སྤོས་སྒོས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་འགྲོ་འོང་ལ་སྐུལ་འདེད་གཏང་འདོད་པ་ཡིན། ཨི་རག་ཕྱོགས་ནས་ཀྲུང་གོའི་ཁེ་ལས་ཀྱིས་ཨ་རག་ལ་མ་དངུལ་འཇོག་པར་དགའ་བསུ་ཞུ་བཞིན་ཡོད་ལ་དེ་མཐུན་གྱི་མཐུན་རྐྱེན་འདོན་སྤྲོད་བྱ་འདོད། དེ་མིན་ཨི་རག་ཕྱོགས་ནས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་འབད་པ་ཆེན་པོའི་ཨི་རག་གི་ཞི་བདེ་གནད་དོན་དང་ས་གནས་ཀྱི་ཡུན་རིང་བའི་བདེ་འཇགས་དང་གཏན་འཇགས་ལ་འགན་སྲུང་བྱེད་པར་མོས་མཐུན་ཡོད་ཅེས་བསྟན།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1