རྔ་བ་རྫོང་གཅའ་རོ་གྲོང་རྡལ་དུ་གཤམ་སྐྱོད་བཞིའི་བྱེད་སྒོ་སྤེལ།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 12-25


      2016ལོའི་རིག་གནས་ཚན་རྩལ་འཕྲོད་བསྟེན་བཅའ་ཁྲིམས་བཅས་གཤམ་སྐྱོད་བཞིའི་བྱེད་སྒོ་རྔ་བ་རྫོང་གཅའ་རོ་གྲོང་རྡལ་དུ་སྤེལ།

      རྔ་བ་ཁུལ་ཁྲིམས་འཛིན་ཅུས་ནས་ཡོང་བའི་སྒྲོག་འགྲེལ་བྱེད་མཁན་གྱིས་གྲྭ་བཙུན་མང་པོར་གོ་བདེ་བའི་སྐད་ཆའི་ཐོག་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་བརྩི་སྲུང་དང་གྲྭ་བཙུན་གྱི་སྒོམ་སྒྲུབ་གཉིས་ཟུང་འབྲེལ་བྱེད་དགོས་པ་དང་། ཁྲིམས་སྲུང་དང་བློ་སྦྱོང་གཉིས་ཟུང་འབྲེལ་བྱས་ཏེ་ཞིབ་ཅིང་ཕྲ་བའི་ངང་ནས་སྒྲོག་འགྲེལ་བྱས།

      ཐེངས་འདིའི་བྱེད་སྒོའི་བརྒྱུད་རིམ་ཁྲོད། ཡུལ་དངོས་ཀྱི་སྐོར་བསྐྱོད་སྨན་བཅོས་སམ་འོས་འགན་སྨན་བཅོས། ཀྲུང་གོ་སྤོ་འགུལ་རྔ་བ་ཡན་ལག་སྤྱི་གཉེར་ཁང་གིས་གཉེར་བའི་རྔ་བའི་གཏམ་རྒྱུད་ཞེས་པའི་པར་རིས་འགྲེམས་སྟོན་ལ་ཡང་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1