ཉེ་ལམ། ཟུང་ཆུ་རྫོང་གི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ཐོན་ཁུངས་གསར་སྤེལ་གྱི་དཔྱད་གླེང་ཚོགས་འདུ་ཁྲེན་ཏུའུ་ཡི་སི་ཁྲོན་རིག་གནས་ཐོན་ལས་ལས་རིགས་སློབ་གླིང་དུ་འཚོགས། ཞིང་ཆེན་ཡོངས་ནས་ཕེབས་པའི་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གསར་སྤེལ་དང་བཀོལ་སྤྱོད་ཁྱབ་ཁོངས་ཀྱི་ཆེད་རམས་པ་དག་གིས་ཟུང་ཆུ་རྫོང་གི་ཤུལ་བཞག་རིག་གནས་དང་རིག་གནས་རྒྱུན་འཛིན་གྱི་གླེང་གཞི་གཞིར་བཟུང་སྟེ་ཟུང་ཆུ་རྫོང་གི་ཤུལ་བཞག་རིག་གནས་སྲུང་སྐྱོབ་དང་ཡུལ་སྐོར་དཔལ་འབྱོར་འཕེལ་རྒྱས། དེ་མིན་གནད་སྨིན་དབུལ་སྐྱོར་གསར་སྤེལ་མཉམ་གཉེར་གྱི་ཐད་ལ་བགྲོ་གླེང་མཛད་དེ་གཟུགས་མེད་ཤུལ་བཞག་རིག་གནས་གསར་སྤེལ་བཀོལ་སྤྱོད་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།
ཆེད་རསམ་པ་དག་གིས་ཟུང་ཆུ་རྫོང་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་གསར་སྤེལ་ལས་ཀར་དམིགས་སྟེ་ཕྱོགས་གཅིག་ནས་མི་དམངས་ཀྱི་རིག་གནས་དྲན་པ་སླར་གསོ་བྱས་ཏེ་འཕྲིན་སྦྱོར་གྱི་ཐབས་ལམ་ལ་བརྟེན་ཏེ་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འབྲེལ་ཡོད་ཤེས་བྱ་ཁྱབ་བརྡལ་དུ་གཏང་དགོས་པ་དང་། ཕྱོགས་གཞན་ཞིག་ནས་ཉམས་བཞིན་པའི་འཁྲབ་སྟོན་སྒྱུ་རྩལ་དང་ལག་ཤེས་བཟོ་རྩལ་བསྐྱར་གསོ་བྱ་དགོས་ཞེས་བསྟན།
མིག་སྔར་ཟུང་ཆུ་རྫོང་ལ་ཁྱོན་བསྡོམས་གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་ལས་གཞི་28ཡོད་པ་དང་དེ་ལས་རྒྱལ་ཁབ་རིམ་པའི་ལས་གཞི་2དང་ཞིང་ཆེན་རིམ་པའི་ལས་གཞི་3། ཁུལ་རིམ་པའི་ལས་གཞི་7། རྫོང་རིམ་པའི་ལས་གཞི་7བཅས་ཡོད་པ་དང་། གཟུགས་མེད་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རྒྱུན་འཛིན་པ་ལས་རྒྱལ་ཁབ་རིམ་པའི་རྒྱུན་འཛིན་པ་1དང་ཞིང་ཆེན་རིམ་པའི་རྒྱུན་པ་1། ཁུལ་རིམ་པའི་རྒྱུན་འཛིན་པ7དང་རྫོང་རིམ་པའི་རྒྱུན་འཛིན་པ་5བཅས་ཡོད་པ་རེད།།