《ཝ་ཧྲིན་ཐོན་སྦྲག་སྲིད་ཚགས་པར།》ལས་སྤྱི་ཚེས་25ཉིན་བསྒྲགས་པའི་གསར་འགྱུར་ལྟར་ན། ཨ་རིའི་ཁྲིམས་འཛིན་པུའུ་ཡིས་ད་ལོར་མ་མཐའ་ཡང་མི་སྣ་60ལ་འཇིག་སྐུལ་རིང་ལུགས་ཀྱི་ནག་ཉེས་དང་འབྲེལ་བའི་སྐྱོན་འདོན་ཞུ་གཏུགས་བྱས་ཡོད་པ་དང་འདིས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བསྐྲུན། གནས་ཚུལ་སྤེལ་བ་ལྟར་ན། འཇིགས་སྐུལ་རིང་ལུགས་ཀྱི་ཉེས་ཅན་མི་སྣ་ཆེ་རུ་འཕར་བ་དེ་ཕྱོགས་གཅིག་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་རིའི་བདེ་འཇགས་ལ་ཐེབས་པའི་འཇིགས་སྐུལ་ཚད་ཡར་འཕར་བ་དང་། ཕྱོགས་གཞན་ཞིག་ནས་སྤྱི་ཚོགས་འབྲེལ་བའི་འཕྲིན་སྦྱོར་ལས་འཇིགས་སྐུལ་རྩ་འཛུགས་ཀྱིས་མགོ་སྐོར་བླུ་བྲིད་དང་མི་སྣ་བསྡུ་བ་དེ་ལས་སླ་རུ་འགྱུར་ཡོད་པས་རྐྱེན་ཡིན། འཇིགས་སྐུལ་ཉེན་ཅན་མི་སྣ་དེ་དག་གི་ཁྲོད་དུ་ལོ་25མན་ཆད་ཀྱིས་55%ཟིན་ཡོད་ཅིང་མང་ཆེ་བ་ཨ་རི་རང་ས་གནས་ཀྱི་སྤྱི་དམངས་ཡིན་འདུག གནས་ཚུལ་དེ་འདྲ་ཡིན་རུང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཨ་རིར་ཡན་ལག་རྩ་འཛུགས་བཙུགས་ཡོད་པར་མི་བསམ། ཨ་རིའི་ཁྲིམས་འཛིན་པུའུ་ཡི་པུའུ་ཀྲང་གཞོགས་འདེགས་པ་ཡུ་ཧན་ཁཱ་ལིན་གྱིས་བཅའ་ཁྲིམས་ཀྱི་ལག་ཆ་གཅིག་པུར་བརྟེན་ན་ཨ་རི་རྒྱལ་ནང་གི་འཇིགས་སྐུལ་རིང་ལུགས་པའི་མྱུ་གུ་རྩ་མེད་དུ་གཏོང་མི་ཐུབ་ཏེ། ངོ་རྒོལ་གྱི་ཐབས་ལམ་བརྒྱུད་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཐབས་ངན་ལ་རྡུང་རྡེག་བྱས་ཏེ་ཨ་རིའི་ན་གཞིན་རྣམས་ལ་གནོད་འཚེ་མི་ཐེབས་པར་འགན་སྲུང་བྱ་དགོས་ཞེས་བསྟན།།