གྲངས་ཉུང་མི་རིགས་ས་ཁུལ་གྱི་རིག་གནས་སློབ་གསོ་འཕེལ་རྒྱས་དང་དམངས་ཡོངས་ཀྱིས་དཔེ་ཀློག་ལ་སྐུལ་འདེད་གཏང་ཆེད་རང་རྒྱལ་གྱི་བོད་ཡིག་དཔེ་དེབ་སྡེབ་འཚོང་ལྟེ་གནས་ཐོག་མ་དེ་མཚོ་སྔོན་ཞིང་ཆེན་དུབཙུགས།
སྤྱི་ཟླ་12པའི་ཚེས་23ཉིན། བོད་ཡིག་དཔེ་དེབ་སྡེབ་འཚོང་ལྟེ་གནས་དང་མཚོ་སྔོན་ཞིང་ཆེན་ཤིན་ཧྭ་འགྲེམ་སྤེལ་ཚོགས་པའི་སྡེབ་སྐྱེལ་ལྟེ་གནས་ཀྱི་འཛུགས་སྐྲུན་རྣམ་གྲངས་དེ་ཟི་ལིང་གྲོང་ཁྱེར་ནན་ཁྲོན་བཟོ་ལས་གླིང་ཁུལ་དུ་དངོས་སུ་རྨང་བཏིང་།
རྒྱུས་ལོན་བྱུང་བ་ལྟར་ན། འཛུགས་སྐྲུན་རྣམ་གྲངས་དེ་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་གྲངས་ཉུང་མི་རིགས་གསར་འགྱུར་དཔེ་སྐྲུན་གྱི་ཤར་རླུང་ལས་གཞི་དང་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་རིག་གནས་འཛུགས་སྐྲུན་གཙོ་གནད་ལག་བསྟར་རྣམ་གྲངས་ཀྱི་གྲས་ཤིག་རེད།།