དབུལ་པོ་མི་འབོར་ཁྲི་116ས་ཆ་གཞན་དུ་གནས་སྤོ་བྱ་རྒྱུ་རེད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-31
སྤྱི་ཟླ་12པའི་ཚེས་29ཉིན། སི་ཁྲོན་ཞིང་ཆེན་གྱི་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་ལས་ཀའི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། འདིས་རང་རེའི་ཞིང་ཆེན་གྱི་ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོ་ལས་འགོ་ཚུགས་པ་མཚོན་ཡོད། འབྱུང་འགྱུར་ལོ་5ཡི་རིང་སི་ཁྲོན་ཞིང་ཆེན་གྱི་གྲོང་ཁྱེར་དང་ཁུལ་20ཡི་རྫོང་དང་གྲོང་ཁྱེར་(ཁུལ།)138གྱིས་དབུལ་བོ་མི་འབོར་ཁྲི་116ས་ཆ་གཞན་དུ་གནས་སྤོ་བྱ་རྒྱུ་ཡིན།